དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཉིང་ཁྲི་གྲོང་ཁྱེར་གཉིས་བཀུར་ལམ་སྡེ་ཁུལ་གྱིས།

    ​མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་སྲང་ལམ་གཉིས་བཀུར་ལམ་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱས་པ་རེད།

    ད་ཐེངས་སྒྲོག་འགྲེལ་བྱེད་རིང་། “ཁྲིམས་སྐྱོང་ཀྱི་རམ་འདེགས་ལ་བརྟེན་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་། གངས་ལྗོངས་བློ་སེམས་གཅིག་ཏུ་མཐུན་ནས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ལྟེ་བའི་དོན་ཚན་ལ་དམིགས་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་རེད། ལས་དོན་པས་ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་དཔེ་མཚོན་དང་ཟུང་འབྲེལ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛད་ཕྱོགས་སྲིད་ཇུས་སྐོར་དོན་ཟབ་གོ་བདེའི་ངང་འགྲེལ་བཤད་རྒྱག་པ། མི་རིགས་མཐུན་སྒྲིལ་དང་ཁྱིམ་མཚེས་འཆམ་མཐུན་མཉམ་གནས་ལ་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་གསལ་པོར་བརྗོད་པ། གྲོང་མིར་རང་རྟོཌ་ངང་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བར་ཁྲིད་སྟོན་བཅས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་གི་གནས་སྟངས་བཟང་པོར་རང་འགུལ་ངང་སྲུང་སྐྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།