དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷ་ས་གྲོང་ཁྱེར་བདེ་ཆེན་གྲོང་རྡལ་གྱིས།

    ​མི་རིཌ་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ལུས་རྩལ་འགྲན་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱིས“ཏང་འཛུགས་སྐྱོང་གིས་མཉམ་ཤུགས་གཅིག་ཏུ་བསྒྲིལ། བློ་སེམས་གཅིག་མཐུན་མཉམ་འདྲེས་ཡོང་བར་གཞོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལུས་རྩལ་འགྲན་ཚོགས་གཉེར་བ་དང་། དེའི་དམིགས་ཡུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། མི་རིགས་ཁག་དབར་གྱི་བརྩེ་དུང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལས་བྱེད་པ་དང་མང་ཚོཌ་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་རྒྱུ་དེ་རེད།

    ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱིས“དམངས་ཡོངས་ལ་ཁ་ཕྱོཌ་པ་དང་། མཉམ་འདྲེས་གཙོ་གནད་དུ་འཛིན་པ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ལས་རིགས་དང་། ལས་གནས། མི་རིགས་བཅས་ཀྱི་དབྱེ་མཚམས་མེད་པར་བཟོས་ཤིང་། འགྲན་ཞུགས་པའི་གྲས་སུ་ལོ་12ནས་65བར་གྱི་ཞིང་འབྲོག་པ་དང་། ལས་རོགས་ཉེན་རྟོག་པ། སྨན་དོན་མི་སྣ་སོགས་ཡོད་པས། གྲོང་རྡལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་མཉམ་སྐྲུན་དང་མཉམ་སྤྱོད་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།