དཔྱད་བསྡུར་བྱེད་སྒོ་སྤེལ། ནང་སྐྱེས་སྒུལ་ཤུགས་འཕེལ།

འདི་ནི་གཟེངས་བསྟོད་ཚོགས་ཆེན་འཚོག་ཡུལ་ཡིན་པ།

འདི་ནི་འབྲོག་པ་མང་ཚོགས་ཀྱིས་ཐོན་སྐྱེད་ཀྱི་གྲུབ་འབྲས་འཁྱེར་ནས་དཔྱད་བསྡུར་ནང་ཞུགས་པ་དང་ཉམས་མྱོང་སྤེལ་རེས་བྱེད་བཞིན་པ།
མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བར་བྱེད་པ་དང“སྒུག་རྟེན་སློང”གི་བསམ་བློ་དོར་རྒྱུར་ཁྲིད་སྟོན་བྱེད་པ། གྲོང་སྲོལ་དམངས་སྲོལ་བཟང་པོ་གཏོད་པ་བཅས་བྱ་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འགྲོ་ཉིན་ཤང་སླེ་ཕྲ་གྲོང་ཚོར་འབྲོག་པའི་ཐོན་ལས་དཔྱད་བསྡུར་བྱེད་སྒོ་སྐབས་དང་པོ་གཉེར་ནས་བོད་བྱང་ཐང་འབྲོག་ཁུལ་དུ་འགྲན་སློབ་སྙེག་བརྒལ་གྱི་སྲོལ་གསར་ཞིག་དར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་ནི་སླེ་ཕྲ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་གཉེར་བ་ཞིག་ཡིན་ཞིང་། དཀར་ཆུའི་ཐོན་རྫས་ཀྱི་ཐོན་འབབ་དང་། བལ་གྱི་ཐོན་འབབ། མི་ནུས་རྩྭ་འདེབས་ཀྱི་ཐོན་འབབ་སོགས་དཔྱད་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་པ་རེད། དཔྱད་བསྡུར་མཇུག་འགྲིལ་མ་ཐག་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ་ཐོན་ལས་འབབ་འཕར་གྱི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱ་དགའ་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།