དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལག་ཟུང་ལས་འཕྲོས་པའི་ཡིད་ཆེས་བརྟན་པོ་ཞིག

    ​—— ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ནས་མི་སེར་གྱི་བདེ་ཐང་སྲུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དག་ཀྲིབ་གྲོང་ཚོ་ཨུ་ལྷན་གྱི་འོས་འགན་སྨན་བཅོས་བྱ་ཡུལ་དུ་བོད་སྐྱོར་སྨན་པ་ཐན་ཅིང་ལུང་གིས་མགོ་བོ་སྒུར་ནས་སྨན་བསྡུ་གསོག་རྒྱག་པའི་སྐབས་སུ། གློ་བུར་དུ་བརྒྱབ་ནས་རེག་ཙམ་བྱེད་མཁན་ཞིག་བྱུང་། ཁ་ཕྱིར་བསྐོར་ཏེ་ལྟ་སྐབས་བསོད་ནམས་ཡིན་པ་ཤེས། རྒྱ་སྐད་ཤོད་མི་ཤེས་པའི་བསོད་ནམས་ནས་སེམས་འགུལ་ཚད་མེད་ཐེབས་བཞིན་ཁོང་ལ་མིག་ཧུར་རེར་བལྟས་པ་དང་། ལག་གཉིས་ཀྱིས་ཁོང་གི་ལག་ནས་དམ་པོར་འཇུས་ཏེ་ཡུན་རིང་གློད་མི་ཕོད་པ་ལྟར་དུ་སྣང་།

    ལག་གཉིས་ཀྱིས་བཟུང་བ་ནི་ཡང་བསྐྱར་འཕྲད་པའི་དགའ་སྣང་གཅིག་པུ་དེ་མིན་པར། གཤིན་རྗེའི་ལག་ནས་ཐར་རྗེས་བྱུང་བའི་ཡིད་ཆེས་དེ་བས་ཀྱང་རེད།

    2024ལོའི་ཟླ་6པར་བསོད་ནམས་ལ་མཁྲིས་པའི་ནད་གཞི་ལྕི་པོ་ཕོག་ནས་དྲན་པ་ཐོར་ཞིང་། སྐབས་དེར་སྙིང་འཕར་ཚད་སྐར་མ་གཅིག་ལ་ཐེངས་140ཟིན་པ་དང་ཁྲག་ཤེད་50/30mmHgཟིན་ནས་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད། སྨན་བཅོས་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པའི་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་ལ་འདི་ལྟ་བུའི་ནད་གཞི་ལྕི་བའི་ནད་པ་འཕྲད་སྐབས་སྤྱིར་ན་སྨན་ཁང་དྲག་སར་འགྲོ་དགོས་མོད། འོན་ཀྱང་བསོད་ནམས་ཀྱི་ནད་ལྕི་པོ་དེ་ལྟ་བུ་དུས་འགྱངས་བྱས་ན་འགྲིག་ཐབས་གཏན་ནས་མེད་པ་རེད།

    ཐན་ཅིན་ལུང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཤིང་། མཁྲིས་ཤེལ་མེད་པ་དང་ICUཡི་རྒྱབ་སྐྱོར་མེད་པའི་གནས་ཚུལ་འོག་རྨ་ཆུང་གཤགས་བཅོས་བྱས་ནས་བསོད་ནམས་གཤིན་རྗེའི་ལག་ནས་བསྐྱབས།

    འོས་འགན་སྨན་བཅོས་བྱེད་པའི་ཉིན་དེར་བསོད་ནམས་ཀྱིས་རང་གིས་བཙོས་པའི་སྒོ་ང་དང་ཞོག་ཁོག་བོད་སྐྱོར་སྨན་པ་ཚོའི་ལག་ཏུ་རེ་རེ་བཞིན་བསྐྱལ་ཏེ། བབ་ཆགས་ཤོས་ཀྱི་རྣམ་པའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས།

    མི་གཅིག་གི་སྟོབས་ཤུགས་ནི་ཚད་ཡོད་པ་ཞིག་རེད། “རྒྱུན་སྡོད་སྨན་བཅོས་རུ་ཁག”ཅིག་བཞག་ན་གཞི་ནས་ས་མཐོའི་མང་ཚོགས་ཀྱི་སྨན་བཅོས་ཐད་ཀྱི་དཀའ་ངལ་དངོས་འབྲེལ་སེལ་ཐུབ། ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་ཞིག་ཡིན་པའི་ཐན་ཅིན་ལུང་དང་ལས་རོགས་ཚོས“གྲོང་ཁྱེར་གཅིག་གིས་རྫོང་གཅིག”དང“སྨན་ཁང་གཅིག་གིས་ནད་གཅིག”གི་ཆ་སྒྲིག་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གིས་ཕྱི་བཅོས་ཚན་ཁག་གི་གཤགས་བཅོས་ཚོགས་པ་འཛུགས་པར་རོགས་རམ་དང་མཛུབ་ཁྲིད་གང་ཐུབ་ཅི་ཐུབ་བྱས། ད་ཆ་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གི་ཡུལ་དེའི་སྨན་པས་ལག་རྩལ་གསར་པ་མང་པོ་སྤྱད་དེ་རང་ཚུགས་སུ་གཤག་བཅོས་ཐུབ་ནས་སྨན་བཅོས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ཐོབ་པའི་གྲུབ་འབྲས་དེ་དག་ནི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་བྱམས་བརྩེ་དང་ཆེད་ལས་ལ་བརྟེན་ནས་བྱུང་བའི་དྲོ་སྐྱིད་ལྡན་པའི་ལེའུ་ཞིག་རེད། ལག་གཉིས་ཀྱིས་བཟུང་བ་ནི་ཡིད་ཆེས་དང་ཞོག་ཁོག་ཚ་པོ་ནས་བྱུང་བ་ནི་བརྩེ་སེམས་རེད། ཁོང་ཚོའི་སྐོར་གྱི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།