ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་ཞེ་གསུམ་པ་རྡོག་ཐོན་བྱས་པ།

འདི་ནི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་དར་གཤག་གྲུ་གཟིངས“གངས་འབྲུག་ཨང་2པ”རྟགས་ཅན་སན་ཡཱ་ནན་ཧྲན་གྲུ་ཁ་ནས་ཐོན་བཞིན་པ།
ཟླ་11ཚེས་7ཉིན། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་ཞེ་གསུམ་པ་རྡོག་ཐོན་གྱི་མཛད་སྒོ་སན་ཡཱ་རུ་གཉེར་བ་རེད།
ད་རེས་ཀྱི་རྟོག་ཞིབ་ནང་། གླིང་སྣེའི་རྟོག་ཞིབ་ས་ཚིགས་དང་སྐྱེལ་འདྲེན་འགན་སྲུང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ལྷོ་སྣེའི་ཁྱབ་ཁོངས་མང་པོར་ཕྱོགས་བསྡུས་བརྟག་ཞིབ་དང་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱ་རྒྱུ་རེད། རྒྱལ་སྤྱིའི་གླིང་སྣེའི་ཚན་རྩལ་གྱི་མདུན་གྲལ་ལ་དམིགས་ནས་གཙོ་གནད་ལས་འགན་བསྒྲུབས་ཏེ་རྒྱལ་ཐོན་ལག་རྩལ་གྱི་སྒྲིག་ཆས་ཚད་ལེན་ཚོད་ལྟ་དང་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་དང་ཕྱོགས་མང་པོའི་རྒྱལ་སྤྱིའི་ཚན་ཞིབ་དང་འགན་སྲུང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།