ཆབ་མདོ་གྲོང་ཁྱེར་གྱི་དངུལ་རྩའི་མ་དངུལ“ཞིང་གསུམ”ལས་དོན་ལ་རྒྱུན་མཐུད་བཏང་བ།
ད་ལོ་ཚུན་དུ། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས“ཞིང་གསུམ”གྱི་འཐབ་ས་གཙོ་བོར་མུ་མཐུད་གཏོང་བར་སྐུལ་འདེད་བཏང་བས། ཞིང་འབྲེལ་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་ཆེ་རུ་དང་། ཞབས་ཞུའི་སྤུས་ཚད་ལེགས་སུ། ཕན་འབྲས་ཆེ་རུ་བཅས་དུས་མཚུངས་སུ་ཕྱིན་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལོ་འགོ་ལས་སྒོར་དུང་ཕྱུར་9.51འཕར་ཡོད། ཟླ་9པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་105.08ཟིན་ནས་9.95%འཕར་ཡོད།
གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞིས“ཞིང་གསུམ”ཁྱབ་ཁོངས་ཀྱི་ཐོན་ཁུངས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་མུ་མཐུད་བཏང་ནས། ཞིང་དུད་ཀྱི་དངུལ་བུན་གཡར་བའི་འཕར་ཚད་དེ་ཞིང་འབྲེལ་དངུལ་བུན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་དུ་མངོན་གསལ་དོད་པོས་སླེབས་པར་བྱས་ཡོད། ཟླ་9པའི་ཟླ་མཇུག་བར། ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་70.27ཟིན་པ་དེ་ལོ་འགོ་ལས་17.96%འཕར་ཡོད། ཞིང་དུད་ཀྱི་གཉེར་སྐྱོང་དངུལ་བུན་གཡར་མཁན་དུད་ཚང་ཁྲི་6.98ཟིན་པ་དེ་ལོ་འགོ་ལས་དུད་ཚང་2026མང་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།