དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་11ཚེས་5ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཚུགས་པའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པས་ས་ངོས་ཆུ་རྒྱལ་ཁབ་དཔྱད་ཞིབ་ཀྱི་བཅད་ཁའི་ཆུ་སྤུས་དག་ཚད་ལོ་5བསྟུད་མར་100%རྒྱུན་འཁྱོངས་ཐུབ་པ་དང་། ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་དང་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་གཉིས་གློག་ཤུགས་མཁོ་འདོན་གྱི་བྱེད་པོར་གྱུར་ཡོད། འོད་དྲོད་ཀྱི་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་གཞི་ཁྱོན་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། ལྗང་གློག་ཕྱིར་གཏོང་བྱེད་རྒྱ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་25ལ་ཁྱབ་པ། ལྗང་མདོག་རྩིས་ནུས་ཀྱི་གཞི་ཁྱོན་pཁྲི་2.2ཟིན་ཡོད་པ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པའི་ཐོག་ནས་བལྟས་ཚེ། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》དུ་ཞིང་ཆེན་ཡོངས་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་གི་འདུ་ཤེས་དང་ཐབས་ལམ་བརྒྱུད་རིམ་ལྡན་པའི་སྒོ་ནས་བསྐྱར་དུ་གཏན་འཁེལ་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། འཐབ་ཇུས་ཀྱི་ངེས་གནས་ཐད། མཉམ་འདྲེས་གཏིང་ཟབ་དང་རྒྱལ་ཡོངས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་ཚད་སྲུང་བ་ནས་ཚད་ཤིང་འཛུགས་པའི་བར། ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ་ཡོང་བར་བྱེད་པ་དང་། བར་མཐོངས་ཀྱི་བཀོད་པའི་ཐད། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ཁྱབ་ཁོངས་ཡོངས་མཛེས་པ་དང་ཁྱད་ཆོས་ལྡན་པ་གཉིས་ཕན་ཚུན་དཔེ་ཟླར་གྱུར་པའི་མཛེས་སྡུག་ལྡན་པའི་མངའ་ཁོངས་ཤིག་བསྐྱར་དུ་གཏོད་པ། བཅོས་སྐྱོང་གི་ཐབས་ལམ་ཐད། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་འབྱུང་ཁུངས་སྟོབས་ཆེ་དང་གྲངས་རིག་ལ་མཐོང་ཆེན་བྱེད་པ་གཉིས་ལ་མཉམ་དུ་ཤུགས་སྣོན་རྒྱག་པའི་དོ་དམ་ཚོད་འཛིན་བྱེད་སྟངས་གཏོད་པ། རིན་ཐང་གི་ཁྲིད་སྟོན་ཐད། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཆེན་པོ་དང་དམངས་འཚོ་ཆུང་ངུའི་རྩོད་སྒྲུབ་གཅིག་གྱུར་ལ་སྤྱི་འདོམས་བྱེད་པ། སྒུལ་ནུས་ཀྱི་ཕྱོགས་སྒྱུར་ཐད། ཐཱན་གཉིས་ཀྱིས་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཐཱན་ཉུང་གཏོང་དང་མཐུན་རྐྱེན་སྦྱོར་བའི་ལྡབ་འགྱུར་ནུས་འབྲས་ཐོན་ཐུབ་པ་བཅས་བྱ་རྒྱུ་ཡིན་པ་འཁོད་ཡོད།

    《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། མཚོ་སྔོན་གྱིས་དམིགས་ཚད་གཅིག་གཞི་རྩར་བཟུང་སྟེ་2030ལོར་སླེབས་སྐབས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཞིང་ཆེན་གྱི་དཔེ་སྟོན་དང་དཔེ་མཚོན་བསྐྲུན་རྒྱུ་ཡིན་པ་རེད། མ་ལག་ཆ་ཚང་ཞིག་བསྐྱར་དུ་བཟོས་ནས་ལམ་ལུགས་དམ་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་སྲུང་སྐྱོང་གི་འགན་འཁྲི་དང་། འཇུག་འཐུས་དོ་དམ། ལྟ་སྐུལ་དོ་དམ། སྐྱེ་ཁམས་ཁྲིམས་སྐྱོང་། སྤྱི་ཚོགས་མཉམ་སྐྱོང་བཅས“མ་ལག་ཆེན་པོ་ལྔ”བརྟན་པོར་འཛུགས་རྒྱུ་དང་། བསམ་ཇུས་གཅིག་ལ་བརྟེན་ནས་སྤྱི་འདོམས་ཀྱིས་འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན། ལྗང་མདོག་ཕྱོགས་སྒྱུར། སྐྱེ་ཁམས་སླར་གསོ། ཁོར་ཡུག་བཅོས་སྐྱོང་སོགས་གཙོ་གནད་ལས་འགན་ཆེན་པོ་བདུན་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། ལས་གྲྭ་གལ་ཆེན་ཁག་26ཇུས་འགོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།