དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ས་སྐྱོང་གྲོང་ཚོར་མཐའ་དར་དམངས་ཕྱུག་གི་ཤིང་འབྲས་སྐྱེ་འཚར་ལེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11


    འདི་ནི་ཟླ་11ཚེས་7ཉིན། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རོང་སྨད་གྲོང་རྡལ་ས་སྐྱོང་གྲོང་ཚོའི་ཡུལ་མི་པུའུ་ལེ་ཞའོ་མིང་ལུང(གཡས་)དང་བཟའ་ཟླས་རང་ཁྱིམ་གྱི་སྒོ་ར་ནས་བཀོག་ཟིན་པའི་ཤིང་ཏོག་ཨ་མྲ་སྟོན་བཞིན་པ།

    འདི་ནི་ཟླ་11ཚེས་7ཉིན། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རོང་སྨད་གྲོང་རྡལ་ས་སྐྱོང་གྲོང་ཚོའི་ཡུལ་མི་པུའུ་ལེ་ཞའོ་མིང་ལུང་གིས་རང་ཁྱིམ་གྱི་ཤིང་འབྲས་ལྡུམ་རར་ཤིང་ཏོག་ཨ་མྲ་འཐོག་བཞིན་པ།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རོང་སྨད་གྲོང་རྡལ་ས་སྐྱོང་གྲོང་ཚོས་ལུང་གཞུང་གི་རང་བྱུང་ཆ་རྐྱེན་བཟང་པོར་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ་ཁམ་བུ་སྨི་ཧོའུ་དང་ཤིང་ཏོག་ཨ་མྲ་སོགས་ཁྱད་ལྡན་ཤིང་འབྲས་ཐོན་ལས་འཕེལ་རྒྱས་བཏང་སྟེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་མཐའ་དར་དམངས་ཕྱུག་གི་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད།

    ས་སྐྱོང་གྲོང་ཚོ་ཨུ་ལྷན་གྱིས་མཁོ་འདོན་བྱས་པའི་གཞི་གྲངས་ལས་མངོན་པར། 2025ལོར་ས་སྐྱོང་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་ཁྱོན་སྒོར་ཁྲི་1467ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ལས་བརྒལ་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།