དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཇར་མན་གྱི་ཉིའུ་ལུན་པའོ་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་དུ་ལྗང་མདོག་དང་རིག་ནུས་གསར་གཏོད་ལ་དོ་ཁུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-11

    ཉེ་ཆར་2026ལོའི་འཇར་མན་གྱི་ཉིའུ་ལུན་པའོ་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ནས་ཡོང་བའི་གསར་གཏོད་པ་དང་སྒྲིག་གཞི་ཡིས་གསར་གཏོད་རྣམ་གྲངས་600ཙམ་ཁྱེར་ནས་འགྲེམས་སྟོན་ལ་ཞུགས་པ་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། ལྗང་མདོག་ནུས་རྒྱུ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་ལ་དོ་ཁུར་བྱེད་ཀྱི་ཡོད་པ་རེད།

    གཙོ་གཉེར་ཕྱོགས་ཀྱིས། ད་ལོ་ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུའི་ལག་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་ལྷག་པར་ཕུན་སུམ་ཚོགས་པ་མ་ཟད། སྒུལ་བདེའི་ཕྱིར་སྐྱོད་ལའང་གྲུབ་འབྲས་གསར་པ་མི་ཉུང་བ་ཐོབ་ཡོད། འགྲེམས་རྫས་ལ་ད་དུང་གློག་ཤུགས་འདུ་འགོད་དང་། ཆ་འཕྲིན་ལག་རྩལ། སློབ་ཁྲིད་དང་ཚན་ཞིབ་སོགས་ཚུད་ཡོད། འགྲེམས་སྟོན་ལ་ཞུགས་པའི་གསར་གཏོད་98%ཙམ་ཉིའུ་ལུན་པའོ་རུ་དམངས་ཚོགས་ལ་ཐོག་མར་སྟོན་རྒྱུ་རེད་ཅེས་བརྗོད་ཡོད།

    འགྲེམས་ཚོགས་གཙོ་གཉེར་ཕྱོགས་འཇར་མན་AFAGའགྲེམས་སྟོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧེང་ཉིང·ཁོ་ཉི་ཁེས། སྐབས་འདིའི་འགྲེམས་ཚོགས་ལས་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་སུ་དོ་ཁུར་བྱེད་པའི་གྲོས་གཞི་མཚོན་ཡོད། གསར་གཏོད་པ་མང་པོ་ཞིག་ལ་མཚོན་ན། འགྲེམས་ཚོགས་ཀྱིས་ཁོང་ཚོར་ཚན་ཞིབ་ཀྱི་མཉམ་ལས་རོགས་ཟླ་དང་ཁེ་ལས་འབྲེལ་མཐུད་ལ་ལས་སྟེགས་མཁོ་འདོན་བྱས་ནས་གསར་གཏོད་ཀྱི་གྲུབ་འབྲས་ཁྲོམ་རར་ཁྱབ་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།

    ཉིའུ་ལུན་པའོ་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་ནི་1948ལོར་བཙུགས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་གི་གསར་སྐྲུན་དང་གསར་གཏོད་ཀྱི་གྲུབ་འབྲས་ལ་འགྲེམས་སྟོན་གྱི་ལས་སྟེགས་དང་ཚོང་ལས་ཀྱི་གོ་སྐབས་མཁོ་འདོན་བྱ་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།