ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོགས་སྐབས་དགུ་པ་འགོ་ཚུགས་པ།
ཉེ་ཆར། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོགས་སྐབས་དགུ་པ་ཁྲུང་ཆིང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲེམས་ཚོགས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱིས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ཡོངས་ས་གནས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་890ལྷག་ཙམ་དང་རྒྱུན་འཛིན་པ་930ལྷག་ཙམ་གཅིག་སྡུད་བྱས་ཏེ། སྲུང་སྐྱོང་རྒྱུན་འཛིན་ལ་དམིགས་ནས་རིག་གནས་ཀྱི་གདེང་ཚོད་དང་རང་རྟོན་རང་དར་གྱི་རྣམ་པ་གསར་པ་མངོན་པར་བྱས་ཡོད།
“དགེ་མཚན་ཁྲི་སྟོང་མང་པོ་ལྡན། དུས་རབས་གསར་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་གྱི་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན”ཐོག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོང་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གསོ་སྐྱོང་། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་འཛུགས་སྐྲུན་སོགས་ཀྱི་ལས་ཀའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། “རོ་བཅུད་ལྡན་པའི་ཡུལ་ལུང་། མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས་དང་ཡུལ་ལྗོངས་མཉམ་འདུས”སོགས་ཀྱི་ཆེད་དོན་འགྲེམས་སྟོན་ལས་མངོན་མིན་རིག་གནས་ཤུལ་བཞག་གིས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་ཐོན་ལུགས་མངོན་ཡོད། སྐབས་འདིའི་འགྲེམས་ཚོགས་ནི་རིག་གནས་དང་ཡུལ་སྐོར་པུས་གཙོ་གཉེར་བྱས་པ་དང་ཟླ་11ཚེས་10ཉིན་བར་གཉེར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།