དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་10པར་རང་རྒྱལ་གྱི་CPIདུས་མཚུངས་ལས་0.7%འཕར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-11

    ཚེས་9ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་10པར་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ཟླ་གོང་མ་དང་བསྡུར་ན་གཅིག་མཚུངས་ཡིན་པ་དང་། དུས་མཚུངས་ལས་0.7%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་པའི་ལྟེ་བའི་CPIདུས་མཚུངས་ལས་0.8%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་གྲོང་ཁྱེར་སིའི་དབུ་བཞུགས་བསྡོམས་རྩིས་ཆེ་མོ་བ་ཏུང་ལི་ཅོན་གྱིས་ངོ་སྤྲོད་བྱས་དོན། དུས་མཚུངས་ཀྱི་བསྡུར་བ་ནས་བལྟས་ན་རླངས་སྣུམ་གྱི་རིན་གོང་དུས་མཚུངས་ལས་22.4%འཕར་བ་དང་། འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་5.8མཐོ་རུ་ཕྱིན་ཏེ་CPIལ་ཤུགས་རྐྱེན་ཐེབས་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.63ཙམ་འཕར་བ། ནུས་རྒྱུའི་རིན་གོང་འཕར་ཚད་ཟླ་གོང་མའི་7.3%ནས་ཟླ་འདིའི་9.9%བར་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ནུས་རྒྱུ་འཐེན་པའི་བཟོ་ལས་འཛད་རྫས་ཀྱི་རིན་གོང་1.2%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.4ཆག་སྟེ་CPIལ་ཤུགས་རྐྱེན་ཐེབས་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.30ཙམ་འཕར་ཡོད།

    “ཞབས་ཞུའི་རིན་གོང་དུས་མཚུངས་ལས་0.7%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་སྟེ་CPIལ་ཤུགས་རྐྱེན་ཐེབས་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.34ཙམ་འཕར་ཡོད། བཟའ་བཅའི་རིན་གོང་དུས་མཚུངས་ལས་2.9%ཆག་པ་དང་ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.2འཕར་སྟེ་CPIལ་ཤུགས་རྐྱེན་ཐེབས་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.49ཙམ་ཆག་ཡོད”ཅེས་ཏུང་ལི་ཅོན་གྱིས་བརྗོད།

    ཟླ་10པར་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་གི་སྟོན་གྲངས(PPI)ཟླ་གོང་མ་ལས་0.7%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.5ཆག་པ་དང་། དུས་མཚུངས་ལས་5.7%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.7འཕར་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།