བོད་ཀྱི་ས་ཆ་འདི་དག་ལ་གངས་ཆེན་པོ་འབབ་རྒྱུ་རེད་འདུག
ཟླ་11ཚེས་8ཉིན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་མ་འོངས་ཉིན་བཅུའི་རིང་གི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་ཟླ་11ཚེས་8ནས་17ཉིན་བར། རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་རྒྱུ་དང་། བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་ཆར་པ་འབབ་རྒྱུ། ཉིང་ཁྲི་དང་། ནག་ཆུ། ལྷོ་ཁའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ཚེས་16ཉིན་གྱི་རྗེས། ཤར་རྒྱུད་དུ་ཆར་བ་འབབ་ཤུགས་ཆེ་རུ་འགྲོ་རྒྱུ། ཉིང་ཁྲི་དང་ཆབ་མདོར་གནམ་འཐིབ་ནས་ཆར་པ(གངས)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་དང་ནུབ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་རྒྱུད་ལ་ཉིན་དགུང་ཡོལ་རྗེས་ཐོལ་རླུང་རིམ་པ་4ཡས་མས་འཚུབ་རྒྱུ་རེད།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་11ཚེས་8ནས་11ཉིན་བར། ཉིང་ཁྲི་དང་། ནག་ཆུ། ལྷོ་ཁའི་ལྷོ་རྒྱུད་ལ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ཆབ་མདོའི་བྱང་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་བྱང་རྒྱུད། མངའ་རིས་ཀྱི་ཤར་རྒྱུད། ལྷ་ས་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་སིམ་སིམ་མམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་རེད།
ཟླ་11ཚེས་12ནས་14ཉིན་བར། ཉིང་ཁྲིའི་ས་ཆ་མང་ཆེ་བ་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་།ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། ཆབ་མདོའི་བྱང་རྒྱུད་དང་ལྷོ་རྒྱུད་དང་། ནག་ཆུའི་ཤར་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་དུ་སྤྲིན་པོ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་གངས་སིམ་སིམ་མམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ་རེད།
ཟླ་11ཚེས་15ནས་17ཉིན་བར། ཉིང་ཁྲི་དང་ཆབ་མདོར་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་སིམ་སིམ་མམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་རེད།
དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་རྒྱུད་ལ་ཉིན་དགུང་ཡོལ་རྗེས་ཐོལ་རླུང་རིམ་པ་4ཡས་མས་འཚུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།