དུས་ཚིགས་དང་པོ་ནས་གསུམ་པའི་བར་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་1.6སྒྱུར་བཀོད་བྱས་པ།
གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་1.6སྒྱུར་བཀོད་བྱས་པ་དང་། སྒྱུར་བཀོད་བྱེད་བཞིན་པའི་ཁུལ་ཆུང་ཁྲི་1.3ཡོད་པ་དེས་གྲོང་མི་དུད་ཚང་ཁྲི་502ལ་ཕན་པ་ཐོབ་ཡོད། ས་གནས་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་རིང་ཆུ་དང་། གློག སོལ་རླངས། དྲོད་རླངས་སོགས་མདོང་ལམ་རྙིང་པ་སྣ་ཚོགས་སྤྱི་ལེ་7200ལྷག་ཙམ་སྒྱུར་བཀོད་དང་ལེགས་སུ་བཏང་བ་དང་། རྒན་འཕྲོད་དང་འགོག་མེད་ཁུལ་ཆུང་2800ལྷག་ཙམ་སྒྱུར་བཀོད་བྱས་པ། རླངས་འཁོར་འཇོག་ས་ཁྲི་8.6མང་དུ་བཏང་བ། སྐྲུན་དངོས་སྨི་ངོས་གྲུ་ཁྲི་954ལ་ནུས་རྒྱུ་གྲོན་ཆུང་གིས་སྒྱུར་བཀོད་བྱས་པ། གློག་སྒུལ་རླངས་འཁོར་དང་གློག་སྒུལ་རྐང་འཁོར་གྱི་གློག་སྡོང་ཁྲི་1ལྷག་ཙམ་མང་དུ་བཏང་ཡོད་པ་རེད།
ད་ལོ་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་309བཀོད་སྒྲིག་བྱས་ནས་ས་གནས་ཁག་གི་སྡོད་ཁང་གི་གློག་སྐས་རྙིང་པ་ཁྲི་19.7གསར་པ་བརྗེ་བར་རྒྱབ་སྐྱོར་བྱས་ཡོད། 2024ལོ་ཚུན། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱིས་རིམ་རྩིས་བརྒྱབ་ན་ས་གནས་ཁག་ལ་གློག་སྐས་ཁྲི་36.4གསར་པ་བརྗེ་བར་རྒྱབ་སྐྱོར་བྱས་པས། གྲོང་མིའི་དུད་ཚང་ཁྲི་1457ལ་ཕན་པ་ཐོབ་པ་དང་། མིག་སྔའི་བར་གློག་སྐས་ཁྲི་19.2གསར་པ་བརྗེས་ཟིན་པ་རེད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱིས་སྡེ་ཁུལ་976ལ་ཆ་ལག་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་སྒྱུར་བཀོད་བྱས་ནས་སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་2336དང་། དམངས་ཕན་ཚོང་ལས་ཞབས་ཞུའི་སྒྲིག་བཀོད་1867 སྡེ་ཁུལ་གྱི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དང་སྤྱི་པའི་སྤང་ལྗོངས་སྨི་ངོས་གྲུ་ཁྲི་398.3བཅས་མང་དུ་བཏང་བས་གྲོང་མིའི་དུད་ཚང་ཁྲི་363.2ལ་ཕན་པ་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།