དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་པ།

    ཉོ་སྒྲུབ་བྱེད་ཚད་ལོ་གོང་མ་དང་སྤྱིར་ན་སྙོམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-10

    གསར་འགོད་པར་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར། སྟོན་འབྲུ་ཉོ་སྒྲུབ་ཀྱི་འགོ་ཚུགས་བརྟན་པོ་ཡོད་པ་དང་བྱང་ཤར་ས་ཁུལ་དུ་རྒྱུན་མཐུད་འཕར་ཞིང་། རྒྱལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་ཏེ་ཉོ་སྒྲུབ་བྱེད་ཚད་ལོ་གོང་མ་དང་སྤྱིར་ན་སྙོམས་པ་དང་། ཧུའུ་ནན་དང་ཧུའུ་པེ་སོགས་ཞིང་ཆེན་དྲུག་གིས་བར་སྨིན་འབྲས་དང་ཕྱི་སྨིན་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་ལག་བསྟར་སྔོན་ཇུས་སྤྱོད་འགོ་བཙུགས་ནས་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་བར་སྨིན་འབྲས་དང་ཕྱི་སྨིན་འབྲས་ཏུན་ཁྲི་100ཙམ་ཉོ་སྒྲུབ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ལོ་ལྟར་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་ཚང་མ་ཏུན་དུང་ཕྱུར་4ཡན་ཟིན་པ་དང་། དེའི་ཁྲོད་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་བྱེད་ཚད་ཀྱི་བསྡུར་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་ཡོད། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རང་རྒྱལ་གྱི་འབྲུ་རིགས་ཐོན་ནུས་བརྟན་པོའི་ངང་འཕར་བ་དང་ཆབས་ཅིག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལོ་ལྟར་འབྲུ་རིགས་ཉོ་ཚད་མུ་མཐུད་ཏུན་དུང་ཕྱུར་4ཡན་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་ཞིང་། ཁྲོམ་ར་ཅན་གྱི་ནང་འདྲེན་དང་ཞིང་པའི་ཁེ་ཕན་སྲུང་སྐྱོང་གལ་ཆེ་མཉམ་འཛིན་དང་ནུས་ལྡན་ཁྲོམ་ར་དང་རྗེས་ཐོན་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་སྲུང་བ་དང་། ཁྲོམ་ར་འཁྲུག་ཏུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ། ལྟ་འདོམས་ནན་པོ་བཅས་མཐའ་འཁྱོངས་བྱས་ནས། ཞིང་པའི“བཏབ་པའི་འབྲུ་རིགས་འཚོང་ཐུབ་པའི”མཐའ་ཚད་མཐའ་གཅིག་ཏུ་བསྲུངས་པ་དང་ཉོ་སྒྲུབ་ཀྱི་སྒྲིག་ལམ་བཟང་པོ་བསྲུངས་ཏེ་འབྲུ་རིགས་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།