དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཧྲན་ཏུང་དང་། ཧྲའན་ཤིས། མཚོ་སྔོན་བཅས་སུ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-10

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཟླ་11ཚེས་6དང་7ཉིན་ཧྲན་ཏུང་ཞིང་ཆེན་དུ་སྒྲོག་འགྲེལ་བྱས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་རྩ་འཛུགས་པུའི་རྒྱུན་གཏན་ལས་དོན་ཁག་བགོས་དོ་དམ་བྱེད་མཁན་པུའུ་ཀྲང་གཞོན་པ་ཧོང་ཅན་ཧྥ་ཡིས་སྒྲོག་འགྲེལ་སྙན་སེང་ཞུས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཧོང་ཅན་ཧྥ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་གཞི་རྩའི་གནས་ཚུལ་དང་། 《ཆོད་དོན》གྱི་འཆར་ཟིན་བཀོད་ཚུལ་དང་དེའི་ཁྱད་ཆོས་གཙོ་བོ་ངོ་སྤྲོད་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་རླབས་པོ་ཆེ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་དུ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པར་རྒྱས་བཤད་གཏིང་ཟབ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་དང་སྦྲགས། དཔེ་མཚོན་དང་གྲངས་གཞི་སྤྱད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།

    ཚེས་6ཉིན་གྱི་དགོང་མོ་དང་ཚེས་7ཉིན་གྱི་སྔ་དྲོར། ཧོང་ཅན་ཧྥ་ཧྲན་ཏུང་སློབ་ཆེན་དང་ཅི་ནན་གྲོང་ཁྱེར་ལི་ཞ་ཆུས་ཏཱ་མིང་ཧུའུ་ཁྲོམ་གཞུང་ཧྲུན་ཅིང་སྡེ་ཁུལ་དུ་བསྐྱོད་དེ་སློབ་གྲྭའི་དགེ་སློབ་དང་། སྡེ་ཁུལ་གྱི་མང་ཚོགས། གཞི་རིམ་གྱི་ཏང་ཡོན་འཐུས་མི་སོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་མཉམ་འགུལ་རྣམ་པའི་སྒྲོག་འགྲེལ་བྱས་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཟླ་11ཚེས་7ཉིན་ཧྲའན་ཤིས་ཤིས་ཨན་དུ་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་ནོར་སྲིད་གཞུང་དོན་ཁང་གི་རྒྱུན་གཏན་ལས་དོན་ཁག་བགོས་དོ་དམ་བྱེད་པའི་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཧན་ཝུན་ཞིའུ་ཡིས་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཧན་ཝུན་ཞིའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ལ་དམ་པོར་དམིགས་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་སོགས་ཀྱི་ཐད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།

    ཚེས་7ཉིན་གྱི་ཕྱི་དྲོར། ཧན་ཝུན་ཞིའུ་ཤིས་ཨན་གྲོང་ཁྱེར་ཧུའུ་དབྱི་ཆུས་ཧྲི་ཅིང་ཁྲོམ་གཞུང་ལི་ཡུས་ཁོའུ་གྲོང་ཚོར་བསྐྱོད་དེ་བརྟག་ཞིབ་དང་འབྲེལ་སྒྲོག་འགྲེལ་ཡང་བྱས་ཤིང་། ཁོང་གིས་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱེད་པར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཐད་ཀྱི་ནང་དོན་ལ་དམིགས་ཏེ་ས་གནས་དེ་གའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་མཉམ་འགུལ་སྤེལ་རེས་བྱས་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཟླ་11ཚེས་6དང་ཚེས་7ཉིན་མཚོ་སྔོན་དུ་སྒྲོག་འགྲེལ་བྱས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་ཝུའུ་ཧན་ཧྲེང་གིས་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཝུའུ་ཧན་ཧྲེང་གིས་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》སློབ་སྦྱོང་ལག་བསྟར་བྱེད་པར་དམིགས་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་སོགས་ཀྱི་ཐད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།

    ཚེས་6ཉིན་གྱི་ཕྱི་དྲོ་ནས་ཚེས་7ཉིན་གྱི་ཕྱི་དྲོ་བར། ཝུའུ་ཧན་ཧྲེང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གི་སྟོང་མདའ་གྲོང་ཚོ་དང་། མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་། རྒྱལ་གཉེར་བཟོ་གྲྭ་221གི་གནས་ཡུལ་རྙིང་པ། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་པན་ཡན་གྲོང་ཚོ་བཅས་སུ་བསྐྱོད་ནས་དེ་གའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།