དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་རྒྱལ་ཁོངས་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་དང་པོ་བསུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-10

    ཚེས་7ཉིན། གསར་འགོད་པར་ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ལྷ་གྲུ་ཨང་ཉེར་བཞི་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ནང་ཕ་ཁི་སི་ཐན་གྱི་འཇིག་རྟེན་འཕུར་སྐྱོད་པ་གཅིག་གིས་ལྗིད་ཁོག་རིགས་གཅིག་མཁས་ཅན་གྱི་མིང་ཐོག་ནས་དུས་ཐུང་འཁོར་ལམ་ཐོག་འཕུར་སྐྱོད་བྱས་རྗེས་ལྷ་གྲུ་ཨང་ཉེར་གསུམ་པའི་མི་བཞུགས་འཕུར་གྲུ་དང་མཉམ་དུ་ཕྱིར་ལོག་བྱ་རྒྱུ་རེད། དེ་ནི་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་ལོ་རྒྱུས་ཐོག་ཀྲུང་ཕྱིའི་འཇིག་རྟེན་འཕུར་སྐྱོད་པ་མཉམ་འབྲེལ་ཐོག་འཕུར་སྐྱོད་བྱེད་ཐེངས་དང་པོ་ཡིན་པ་དང་། ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་རྒྱལ་ཁོངས་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་དང་པོ་བསུས་པ་རེད།

    2025ལོའི་ཟླ་2པར། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་དབྱི་སི་ལམ་པོར《ཕ་ཁི་སི་ཐན་གྱི་འཇིག་རྟེན་འཕུར་སྐྱོད་པ་གདམ་གསེས་དང་སྦྱོང་བརྡར་བྱ་རྒྱུ་དང་འབྲེལ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་འཕུར་སྐྱོད་ལས་འགན་ནང་ཞུགས་རྒྱུའི་སྐོར་གྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་དེ་ཕ་ཁི་སི་ཐན་གྱི་འཇིག་རྟེན་འཕུར་སྐྱོད་པ་གདམ་གསེས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཐོག་མའི་འདེམས་བསྐོ་དང་། བསྐྱར་འདེམས། གཏན་འདེམས་བཅས་དུས་མཚམས་གསུམ་གྱི་གདམ་གསེས་དང་དཔྱད་འབེབས་ནན་པོ་བྱས་པ་བརྒྱུད། ཕ་ཁི་སི་ཐན་གྱི་གྲ་སྒྲིག་འཇིག་རྟེན་འཕུར་སྐྱོད་པ་2བདམས་ཐོན་བྱུང་ནས་ཀྲུང་གོར་སྦྱོང་བརྡར་སྣ་ཚོགས་བྱས་པ་དང་འབྲེལ་དཔྱད་ཞིབ་ཚད་གཞི་ལོན་རྗེས་མི་1གིས་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་རྒྱུ་དང་མི་1གིས་ལས་འགན་གྲབས་སྒྲུབ་འཇིག་རྟེན་འཕུར་སྐྱོད་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།