དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-10

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ། རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་བཅས་ཀྱིས་པེ་ཅིང་དུ་2026ལོའི་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། འགོ་ཚུགས་མཛད་སྒོའི་ཐོག་ལེའོ་ཉིང་དང་། ཧུའུ་པེ། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་4ཡི་བྱེད་སྒོ་སྤེལ་ཡུལ་དང་བརྙན་ལམ་སྦྲེལ་ནས་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི་དང་མེ་ཟོན་གྱི་སྤྱི་ཕན་བརྡ་ཁྱབ་བསྟན་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་འཕྲལ་སྡོམ་དོ་དམ་པུའི་པུའུ་ཀྲང་ཀྲང་ཁྲེང་ཀྲུང་གིས། ཐབས་མང་མཉམ་སྤྱོད་ཀྱིས་དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོའི་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱེད་པ། རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ། མེ་ཟོན་རྒྱུན་ཤེས་ཁྱབ་གདལ་དང་། གཞི་རྩའི་རྩལ་ནུས་དངོས་སྦྱོང་། ཁ་འགྲེམས་རང་སྐྱོབ་ནང་སྦྱོང་། གྱོད་དཔེར་བརྟེན་ནས་སློབ་གསོ་དང་ཉེན་བརྡ་གཏོང་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ལས་བཟོ་དང་མང་ཚོགས་ལ་ཉེ་འཁོར་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྙན་སེང་ཞུ་བར་ལྕག་སྐུལ་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།