དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཡོ་རོབ་ཀྱི་གླེང་སྟེགས་སྐབས་བཅུ་བཞི་པས་སྐད་ཆ་ཤོད་རེས་དང་མི་ཐབས་རིག་ནུས་མཉམ་ལས་སྐོར་ལ་བགྲོ་གླེང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་དང་ཡོ་རོབ་ཀྱི་གླེང་སྟེགས་སྐབས་བཅུ་བཞི་པ་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་འཚོགས་ཤིང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཚོགས་ཞུགས་སྲིད་དོན་དང་། ཚོང་ལས། རིག་གཞུང་བཅས་ལས་རིགས་ཀྱི་མི་སྣས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་ལ་དམིགས་ནས། ཀྲུང་གོ་དང་ཡོ་རོབ་དབར་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། དཔལ་འབྱོར་ཚོང་དོན་དང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་པ་དེས་ཐུན་མོང་ཐོག་འཛམ་གླིང་ལ་བརྟན་ལྷིང་དང་གཏན་འཁེལ་ཡོང་བའི་སྒུལ་ནུས་སྔར་བས་མང་བ་སྣོན་ཐུབ་པའི་ངོས་འཛིན་བྱས་ཡོད།

    ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་ཚའེ་རུན་གྱིས་ཤིས་ཚིག་སྒྲོན་སྐབས། མིག་སྔར་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་དེ་འགག་རྩའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད་པས། ཕྱོགས་གཉིས་པོས་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་དང་། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་དཔལ་འབྱོར་ཚོང་དོན་ཐད་ཀྱི་འགལ་བ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་བཏང་སྟེ་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།