དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་ཀྱིས་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-10

    འདི་ནི་ཟླ་11ཚེས་6ཉིན་བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ་མེ་གསོད་མི་སྣས་མང་ཚོགས་ལ་གློག་གཟོང་སྤྱོད་སྟངས་སློབ་བཞིན་པ།

    འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཟླ་11ཚེས་6ཉིན། བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད། འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་། མཉམ་འགུལ་ཉམས་ལེན། ཆེད་ལས་རོགས་སྐྱོབ་ཀྱི་གྲུབ་འབྲས་སོགས་ཁྱད་ལྡན་འགྲེམས་ཁུལ་བཀོད་སྒྲིག་བྱས་ཡོད་པར་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་གསོན་ཉམས་ལྡན་པ་ཞིག་ཡོད། ས་ཡུལ་དངོས་སུ་ལས་དོན་པས་དྲིལ་བསྒྲགས་དཔྱད་ཡིག་སྤྲད་དེ་མེ་དང་། གློག སོལ་རླངས་བཅས་ཀྱི་བདེ་འཇགས་དང་། ཐོན་མ་ཐག་པའི་མེ་སྐྱོན་སེལ་ཐབས། མེ་སྐྱོན་བྱུང་སར་རང་སྐྱོབ་དང་ཕན་ཚུན་སྐྱོབ་རོགས་བྱེད་ཐབས་སོགས་ཀྱི་གོ་ཆོད་པའི་རྒྱུན་ཤེས་ཁྱབ་གདལ་བཏང་བ་དང་འབྲེལ་ས་ཡུལ་དངོས་སུ་དོགས་གནད་ལའང་ལན་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།