དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་བདག་སྐྱོང་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-10

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། གསར་འགོད་པར་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་རྣམ་གྲངས་དོ་དམ་ལམ་ལུགས་འཛུགས་སྐྱོང་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 《མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཀྱི་རྗེས་མཐུད་བདག་སྐྱོང་བྱ་ཐབས(ཚོད་ལྟའི་ལག་བསྟར)》ནང་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཁག་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་དང་རྩིས་སྤྲོད་བྱས་རྗེས་ཀྱི་རྒྱུན་རྣམ་ཅན་གྱི་བདག་སྐྱོང་ཐད་བླང་བྱ་ཁ་གསལ་བཏོན་ཏེ། རིགས་དབྱེ་ཇུས་བསྟར་དང་ས་ཁོངས་དབྱེ་ནས་དོ་དམ་ཚོད་འཛིན་བྱེད་པའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ནགས་ས་དང་། བྱེ་འགྱུར་བཀག་སྡོམ་ཁུལ། འདམ་ར། རྩྭ་ཐང་བཅས་བདག་སྐྱོང་བྱེད་ཁོངས་བཞིར་ཕྱེ་ནས་ཁྱད་པར་ཅན་གྱི་བྱ་ཐབས་བཟོས་པ་དང་། ནགས(རྩྭ)དཔོན་ལམ་ལུགས་དང་། མི་ནུས་ལ་བརྟེན་ནས་འགོག་ཟོན། ལག་རྩལ་ལ་བརྟེན་ནས་འགོག་ཟོན། ལས་གྲྭ ཁྲིམས་སྒྱུར་བཅས“ཕྱོགས་ལྔ་གཞི་གཅིག”གི་དོ་དམ་སྲུང་སྐྱོང་བྱ་ཐབས་གསར་གཏོད་ཀྱིས་ཁྱབ་གདལ་བཏང་བ་རེད།

    མཚོ་སྔོན་དུ་ནགས་ཚལ་དང་། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་སྣ་མང་ཡོད་པ་དང་ས་གནས་ཁག་གི་ས་བབ་ཆ་རྐྱེན་དང་བདག་སྐྱོང་དཀའ་གནད་ཐད་ཧེ་བག་མངོན་གསལ་དོད་པོ་ཡོད། 《བྱ་ཐབས》ནང་འཁོར་འབྲེལ་ཧྲིལ་པོའི་གདུབ་ཟུམ་ཤར་གཏོང་ཐུབ་པར་བྱས་ཏེ་རྣམ་གྲངས་ཞིབ་བཤེར་རྩིས་ལེན་དང་རྩིས་སྤྲོད་ཀྱི་ལྷུ་ཚིགས་མདུན་ལ་སྣུར་སྲིང་བྱས་ནས་ལས་ཀའི་ཉིན་15ཡི་རྩིས་སྤྲོད་དུས་བཀག་གསལ་པོ་བཟོས་པ་དང་། འགན་དབང་གཞིར་བཟུང་གཞུང་ཁོངས་ནགས་ར་དང་། ཤང་དང་གྲོང་རྡལ་སྲིད་གཞུང་། གྲོང་ཚོའི་མཉམ་སྡེབ་སོགས་ཁས་ལེན་བྱེད་པོ་དབྱེ་བ་ཕྱེ་སྟེ་ལམ་ལུགས་ལ་བརྟེན་ནས“འཛུགས་སྐྱོང་ལ་སྣང་ཆེན་དང་བདག་སྐྱོང་ལ་སྣང་ཆུང་བྱེད་པའི”གནད་དོན་བསལ་ཡོད། གསར་བཙུགས་ནགས་ར་དང་སྡོང་ཕྲུག་ནགས་རས་མ་མཐར་ཡང་སྡོང་ཕྲུག་ལོ་གསུམ་བསྟུད་མར་གསོ་སྐྱོང་བྱེད་དགོས་པ་དང་དེའི་རིང་ཕྱུགས་རིགས་ཀྱིས་སྡོང་ཕྲུག་ཟ་རྒྱུར་དོ་དམ་ཚོད་འཛིན་ནན་པོ་བྱེད་དགོས་ཀྱི་ཡོད། བྱེ་འགྱུར་ས་ཞིང་གི་བཀག་སྡོམ་ཁུལ་དང་སྐྱེ་ཁམས་ཉམས་ཞན་ཁུལ་དུ་ལོ་ཧྲིལ་པོར་རྩྭ་ཁ་བཀག་པ་དང་། བྱེ་རགས་དང་ར་སྐྱོར་སོགས་བྱེ་འཇགས་ཀྱི་སྒྲིག་བཀོད་ལ་གཙོ་གནད་ཐོག་བདག་སྐྱོང་བྱས་ཡོད། འདམ་ར་ཉམས་གསོའི་ཁུལ་ཁོངས་ཀྱི་ཉམས་གསོའི་དུས་འཁོར་ཧྲིལ་པོར་ས་ཁོངས་ཡོངས་སུ་བསུན་བཙེར་བཟོ་མི་ཆོག་པ་དང་། ཆབས་ཅིག་ཆུ་དཔྱད་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཡུན་རིང་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཚོད་སྐོར་ཚད་གཞི་ལོན་རྗེས་སྒྲིག་སྲོལ་དང་གོ་རིམ་ལྡན་པའི་ངང་བེད་སྤྱོད་གཏོང་དགོས་ཀྱི་ཡོད། རྩྭ་ཐང་བདག་སྐྱོང་བྱེད་སྐབས་ད་ཡོད་ཀྱི་རྩྭ་ཐང་ཉམས་གསོ་བདག་སྐྱོང་གི་འབྲེལ་ཡོད་ལམ་ལུགས་དང་འབྲེལ་མཐུད་བྱེད་དགོས་ཀྱི་ཡོད་པ་རེད།

    རིམ་ཁག་ནགས་དཔོན་དང་། ནགས་སྲུང་བ། གྲངས་འཛིན་ལག་རྩལ། ལས་གྲྭའི་སྒྲིག་བཀོད། ཁྲིམས་སྒྱུར་ལྟ་སྐུལ་སོགས་བསྡུ་སྒྲིལ་བྱས་ནས་རྒྱལ་ཁབ་ནགས་རའི་དཔེ་སྟོན་སྣེ་ཁྲིད་མངོན་འགྱུར་ཡོང་བར་བྱས་ཡོད། མཉམ་སྡེབ་ས་ཁོངས་སུ་མཉམ་ལས་ཁང་དང་ཞིང་འབྲོག་པ་བདག་སྐྱོང་ལ་ཞུགས་པར་སྐུལ་ལྕག་གཏོང་བ་དང་། སྐོར་སྲུང་APPདང་། བརྙན་ལམ་ལྡིར་སོ་སྤྲོས་ཆས། མི་མེད་གནམ་གྲུ་སོགས་གྲངས་གཞི་ཅན་གྱི་བྱ་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཉམས་ཞན་གྱི་ཚད་གཞི་གཞིར་བཟུང་སྐོར་སྲུང་ཐེངས་གྲངས་བབ་བསྟུན་ལེགས་སྒྲིག་བྱས་ཏེ་མེ་སྐྱོན་ཐོན་པའི་ཉེན་ཁ་ཆེ་བའི་ས་ཁོངས་དང་། གཙོ་གནད་བྱེ་ཁུལ། འདམ་རའི་ལྟེ་བའི་ཁུལ་བཅས་སུ་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་བབ་དང་མཐུན་པ་དང་བདག་སྐྱོང་གནད་སྨིན་ཐུབ་པར་བྱས་ཡོད། འགན་སྲུང་དང་འདེགས་སྐྱོར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་བདག་སྐྱོང་གི་འགྲོ་གྲོན་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་པ་དང་ཆབས་ཅིག དབུལ་སྒྲོལ་མི་འབོར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་སོགས་ཚོགས་སྤྱི་སྔོན་ལ་ནགས་སྲུང་བའི་གྲས་སུ་བཅུག་ནས། བདག་སྐྱོང་ལས་དོན“ཐར་ཐོར་ཅན”ནས་ཚད་ལྡན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།