དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“འགྱུར་ལྡོག་གསུམ”ལ་བརྟེན་ནས་ཚན་རྩལ་སྒོ་དབྱེའི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-10

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཚན་རྩལ་གསར་གཏོད་ཀྱི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཤར་ནུབ་མཉམ་ལས་དང་ཚན་རྩལ་ལ་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ལམ་སྲོལ་ནི་མཚོ་སྔོན་ཞིང་ཆེན་གྱིས་ས་ཁོངས་མཐུན་སྦྱོར་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་མཚོ་སྔོན་གྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས“འགྱུར་ལྡོག་གསུམ”མངོན་འགྱུར་བྱ་རྒྱུ་སྟེ། གནས་དང་གནས་ཀྱི་རྣམ་གྲངས་མཉམ་ལས་ནས་ས་ཁོངས་མཐུན་སྦྱོར་གསར་གཏོད་ཀྱི་སྤྱི་ཡོངས་མཉམ་ལས་བར་འགྱུར་ལྡོག་གཏོང་བ་དང་། གཞན་བརྟེན་རྣམ་པའི་རོགས་སྐྱོར་ནས་རང་བརྟེན་རྣམ་པའི་མཐུན་རྐྱེན་སྦྱོར་བའི་བར་འགྱུར་ལྡོག་གཏོང་བ། ཚན་རྩལ་གྱི་གྲུབ་འབྲས་མཚོ་སྔོན་ཁོ་ནར་སྤྱོད་པ་ནས་ཤར་རྒྱུད་ཀྱི་ཚན་རྩལ་ནུབ་རྒྱུད་དུ་སྤྱོད་པ་དང་ནུབ་རྒྱུད་ཀྱི་ཚན་རྩལ་ཤར་རྒྱུད་དུ་སྐྱེད་སྲིང་བྱེད་པའི་ཕྱོགས་གཉིས་ལ་གཞན་སྒྱུར་བྱེད་པའི་བར་འགྱུར་ལྡོག་བཏང་སྟེ། ཚན་རྩལ་སྒོ་དབྱེ་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྲུབ་འབྲས་ནུས་ཆེ་གཞན་སྒྱུར་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

    ས་ཁོངས་ཀྱི་གསར་གཏོད་བཀོད་པ་ལེགས་སུ་བཏང་ནས་ཡུལ་བབ་དང་བསྟུན་པ་དང་། ཐབས་སྒྱུར་གོང་འཕེལ། མཐུན་སྦྱོར་མཉམ་འགུལ། ལེགས་ཆ་གསབ་རེས་བཅས་ཀྱི་ས་ཁོངས་ཚན་རྩལ་གསར་གཏོད་མ་ལག་འཛུགས་རྒྱུ་ཡིན་ཞིང་། ཁ་གཏད་མཚོ་སྐྱོར་དང་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་ཚན་རྩལ་གསར་གཏོད་མཉམ་ལས་ཟབ་ཏུ་བཏང་ནས་ཚན་ཞིབ་མཐུན་སྦྱོར་འགག་སྒྲོལ་དང་། ཚན་རྩལ་གྲུབ་འབྲས་ཕྱོགས་གཉིས་ལ་གཞན་སྒྱུར། ལས་སྟེགས་མཉམ་སྐྲུན་མཉམ་སྤྱོད། ཤེས་ལྡན་པ་མཉམ་འབྲེལ་གསོ་སྐྱོང་། ཚན་རིག་ལག་རྩལ་ཁྱབ་གདལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། ས་ཁུལ་ཁག་གི་གསར་གཏོད་ཐོན་ཁུངས་དང་ཁྱད་ལྡན་ཐོན་ལས་དང་འཕེལ་རྒྱས་ཀྱི་ངེས་གནས་ལ་གཞི་ཚུགས་ཏེ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བསམ་ཇུས་གཅིག་དང་གྲོང་ཁྱེར་དང་ཀྲོའུ་ཁག་གི་ཧེ་བག་ཅན་གྱི་འཕེལ་རྒྱས་མཐུན་སྦྱོར་གཅིག་གྱུར་གྱི་ས་ཁོངས་ཀྱི་གསར་གཏོད་རྣམ་པ་གཏོད་རྒྱུ་རེད།

    ཚན་རྩལ་སྒོ་དབྱེ་མཉམ་ལས་རྒྱུན་མཐུད་རྒྱ་སྐྱེད་བཏང་ནས་རྒྱལ་ཁབ་ཀྱི་གསར་གཏོད་འཐབ་ཇུས་ཀྱི་བཀོད་པའི་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་བྱ་རྒྱུ་ཡིན་ཞིང་། ཅིང་ཅིན་ཅིས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་སོགས་གསར་གཏོད་མཐོ་ས་དང་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་མཐུད་མཉམ་ལས་ཟབ་ཏུ་བཏང་སྟེ་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག ཐོན་ལས་དང་ཐོན་ཁུངས་སྤོ་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། “ས་གྲོལ་ཚན་རྩལ་གསར་གཏོད”འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ། “ཞིང་ཆེན་ཕྱིའི་ཞིབ་འཇུག་གསར་སྤེལ་དང་ཞིང་ཆེན་ནང་ཁུལ་དུ་གཞན་སྒྱུར”གྱི་དཔེ་དབྱིབས་གསར་པ་གཏོད་པ་བཅས་བྱ་རྒྱུ་རེད། ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་སྣེ་ཁྲིད་དང་ཀྲུང་དབྱང་དང་ས་གནས་ཀྱི་ཐོན་ཁུངས་མཐུན་སྦྱོར་གྱི་གསར་གཏོད་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེར་ཧུར་ཐག་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་འབྲེལ་ཚོད་ལྟ་ཁང་དང་ལག་རྩལ་གཞན་སྒྱུར་ལས་ཁུངས་སོགས་སྐྱེད་སྲིང་དང་འཛུགས་སྐྱོང་བྱས་ཏེ་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི“གྲོགས་ཚོགས”ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུ་རེད།

    ཚན་རྩལ་གྲུབ་འབྲས་ནུས་ཆེའི་སྒོ་ནས་གཞན་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། ལས་གནས་ཚན་རྩལ་གྲུབ་འབྲས་ཀྱི་དབང་ཆ་སྤྲོད་པའི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཚན་ཞིབ་མི་སྣའི་གསར་གཏོད་ཀྱི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་སྐུལ་སློང་བྱེད་པ་དང་། “ཐོན་ལས་ཀྱིས་དྲི་བ་འདོན་པ་དང་ཚན་རྩལ་གྱིས་ལན་འདེབས་པའི”གསར་གཏོད་ལམ་སྲོལ་བཙུགས་ཏེ་ཚན་ཞིབ་གསར་གཏོད་ཀྱི་ནུས་པ་དངོས་ཡོད་ཐོན་སྐྱེད་ཀྱི་ནུས་ཤུགས་སུ་ཏན་ཏིག་འགྱུར་བ་བྱེད་པ། ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་སྤོར་ལ་སྐུལ་འདེད་བཏང་ནས་ཤར་རྒྱུད་ཀྱི་ལག་རྩལ་གྲུབ་འབྲས་དང་མཚོ་སྔོན་གྱི་ཐོན་ལས་དགོས་མཁོའི་ཕྱོགས་གཉིས་ཀྱི་གསལ་ཐོ་བཟོས་ཏེ་མཁོ་སྤྲོད་སྦྲེལ་མཐུད་གནད་སྨིན་ཡོང་བར་བྱེད་པ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ཤུགས་ཆེར་བཏང་ནས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་དང་ཞིང་ཆེན་ཕྱིར་ཞིབ་འཇུག་གསར་སྤེལ་ཡན་ལག་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་པ། ཤར་རྒྱུད་ཀྱི་སྔོན་ཐོན་ལག་རྩལ་དང་གསར་གཏོད་བྱེད་སྟངས་རང་འགུལ་ངང་དང་ལེན་བྱས་ཏེ་ཚན་ཞིབ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་གང་མགྱོགས་འགྱུར་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།