ལྟ་ན་སྡུག་པའི་བོད་ཤར་རྒྱུད་ཀྱི་ཡུལ་ལྗོངས།

འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་ར་འོག་མཚོའི་མཛེས་ལྗོངས་ཀྱི་ཟུར་ཞིག་ཡིན་པ།
སྟོན་མཇུག་ཏུ། ཆབ་མདོའི་ཡུལ་ལུང་གང་སར་བརྗིད་ཆགས་སྟོན་གྱི་ཉམས་འགྱུར་མངོན་པས་ལོ་གཅིག་གི་པར་ལེན་ནམ་དུས་ཡག་ཤོས་སུ་སླེབས་ཡོད། གངས་རི་དཀར་པོ་དང་། ཚོན་མདངས་བཀྲ་བའི་ནགས་ཚལ། དྭངས་གཙང་གི་མཚོ་མོ། གསེར་མདོག་ཅན་གྱི་སྤང་ཐང་བཅས་གཅིག་ལ་གཅིག་བརྒྱན་གྱིས་ས་མཐོའི་ས་གཞི་ཆེན་པོར་སྟོན་གྱི་ལྟ་ན་སྡུག་པའི་རི་མོ་ཞིག་གྲུབ་པས། པར་ལེན་མཁན་དང་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་སྟོན་མཇུག་གི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།