རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་ཁག་གཅིག་གི་གྲོས་འགོ་སྒྲུབ་གཉེར་ལས་དོན་སྤེལ་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། རང་སྐྱོང་ལྗོངས་ཆུ་བེད་ཐིང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་སུ་བསྐྱོད་ནས་རྩིས་ཁྲར་ཞིབ་བཤེར་དང་། སྙན་སེང་ཉན་པ། ས་གནས་ས་ཐོག་ཏུ་འདྲི་རྩད་སོགས་ཀྱི་རྣམ་པ་བརྒྱུད་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་གྱི་འཕེལ་རིམ་དང་ཕན་འབྲས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་ལས་དོན་ཨུ་ལྷན་གྱི་འཐུས་མིའི་འབྲེལ་གཏུག་གྲོས་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཤ་ཞའོ་ཡན་གྱིས“ད་ཐེངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས་སྒྲུབ་གཉེར་ཚན་པ་4ལ་བསྐྱོད་དེ་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་ལ་ཞིབ་བཤེར་བྱས་པ་རེད། ད་ཐེངས་ཞིབ་བཤེར་གྱི་སྤྱིའི་གནས་ཚུལ་ལ་བལྟས་ན། སྒྲུབ་གཉེར་ཚན་པ་ཁག་གིས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྩ་འཛུཌ་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྒྲུབ་གཉེར་གྱི་འགན་འཁྲི་ནན་དཀྲི་བྱེད་པ། ལས་དོན་ཁག་བཀོད་སྒྲིག་ཏན་ཏིག་དང་ནུས་ལྡན་བཅས་བྱས་ཏེ་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ། འགན་འཁྲི་གཙང་སྒྲུབ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱས་པས། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད”ཅེས་བརྗོད་པ་རེད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཕྱོགས་བསྡུས་བརྟག་ཞིབ་ཁྲུའི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཀྲོའུ་ཀྲི་ལིན་གྱིས“རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཐོག་མཐའ་བར་གསུམ་དུ་གྲོས་འགོ་སྒྲུབ་གཉེར་བྱ་རྒྱུ་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ‘ཞིང་གསུམ’ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་བརྟག་ཞིབ་འབྲེལ་གཏུག་དང་། ཞིབ་དཔྱད་འགག་སྲུང་། རྗེས་སྙེག་ཕན་འདྲི་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལོ་ཧྲིལ་པོར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཏོན་པའི་གྲོས་འགོ་ཁག་22གཙོ་གནད་ཐོག་སྒྲུབ་གཉེར་བྱས་པ་དེ་དག་གཙོ་བོ་ཞིང་འབྲོག་ལས་འཕེལ་རྒྱས་དང་། ཞིང་འབྲོག་ལས་ཁྱབ་ཁོངས་ཀྱི་སྲིད་ཇུས་གསར་གཏོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་གསེབ་དར་རྒྱས་ཀྱི་མ་འཇོག་སོགས་ལ་ཁྱབ་ཡོད་པ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་ཁག་22དུས་བཀག་ལྟར་སྒྲུབ་གཉེར་བྱེད་ཚད་དང་བློ་ཡིད་ཚིམ་ཚད་གཉིས་ཀ་100%ཟིན་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།