ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་སིང་ཀ་ཕོར་དུ་རྒུན་འབྲུམ་ཨ་རག་ཕྱིར་གཏོང་ཐེངས་དང་པོ་བྱས་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་གི་བོད་ལྗོངས་ཡར་ཡིང་ཞིང་ལས་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་རྒུན་འབྲུམ་ཨ་རག་ཤེལ་དམ་600སིང་ཀ་ཕོར་དུ་ཕྱིར་གཏོང་བྱས་པ་དང་འབྲེལ། ཀུང་སི་དེ་དང་སིང་ཀ་ཕོར་གྱི་Fine Wines Pte Ltdདབར་འཐབ་ཇུས་གྲོས་མཐུན་བྱུང་ནས། ཀུང་སི་དེ་གས་ཡར་ཡིང་ཞིང་ལས་ཀྱིས་ཐོན་སྐྱེད་བྱས་པའི་རྒུན་འབྲུམ་ཨ་རག་གི་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་སྤྱི་ཁྱབ་བརྒྱུད་ཚོང་གི་འགན་འཁུར་རྒྱུ་ཡིན་པ་རེད།
“བོད་ཟོག་བོད་ནས་ཐོན་པའི”ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཡར་ཡིང་ཞིང་ལས་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིས་སྲིད་གཞུང་སྡེ་ཚན་ཁག་གིས་ཕྱིར་གཏོང་ལས་རིམ་ལ་མཛུབ་ཁྲིད་དང་འགག་སྒྲོལ་སྟབས་བདེ་རུ་གཏོང་བ་སོགས་ཐད་ཀྱི་ཞབས་ཞུའི་འགན་སྲུང་ལ་བརྟེན་ཏེ། དུས་ཡུན་ཐུང་ངུའི་ནང་ཕྱིར་གཏོང་གི་ལས་རིམ་ཚང་མ་གཉེར་ནས། ཕྱིས་སུ་ཐོན་རྫས་དེ་བས་མང་བ་རྒྱལ་ཁབ་དང་ས་གནས་དེ་བས་མང་བར་ཕྱིར་གཏོང་བྱེད་པར་རྨང་གཞི་ངེས་ཅན་ཞིག་བཏིང་བ་རེད། དེ་དང་དུས་མཚུངས། ཁེ་ལས་ཀྱིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཁྱད་ལྡན་རྒུན་འབྲུམ་ཨ་རག་གི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་ནུས་པ་འདོན་རྒྱུར་དོ་སྣང་གིས་ཐོན་ལས་འཕེལ་རྒྱས་བརྒྱུད་ཉེ་འཁོར་གྱི་མང་ཚོགས་འདེབས་འཛུགས་གཡོག་བྱེད་དང་། ཐོན་སྐྱེད་ལས་སྣོན། ལེ་ལག་ཚང་བའི་ཞབས་ཞུ་བཅས་ཀྱི་ནང་ཞུགས་སུ་བཅུག་ནས། ས་གནས་དེ་ག་དང་ཐག་ཉེ་ས་ནས་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཐོག་ཁྱད་ལྡན་ཐོན་ལས་གྲོང་གསེབ་དར་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དུ་གྱུར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།