དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མངའ་རིས་ས་ཁུལ་གྱི་དགུན་སྒྲོལ་གཟན་རྩྭ་ཁག་དང་པོ་དམིགས་སར་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-10

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་བསྟན་སྲིད་པའི་གནམ་གཤིས་ཞན་པོར་ཁ་གཏད་གཅོག་ཆེད་མངའ་རིས་ས་ཁུལ་གྱི་དགུན་སྒྲོལ་གཟན་རྩྭ་ཁག་དང་པོ་དམིགས་སར་འབྱོར་བ་རེད།

    ས་གནས་དེ་གའི་ས་ཚིགས་མང་ལ་ཁྱབ་རྒྱ་ཆེ་བ་དང་། སྐྱེལ་འདྲེན་བར་ཐག་རིང་བ། མཛོད་ཉར་ཆ་རྐྱེན་ཞན་པ་སོགས་ཀྱི་དོན་དངོས་ལ་དམིགས་ནས་མངའ་རིས་ས་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱིས“ས་ཁུལ་གྱིས་སྤྱི་འདོམས་དང་། རྫོང་ཁག་གིས་སྣེ་ཁྲིད། མང་ཚོགས་རང་བརྟེན”བཅས་ཀྱི་བླང་བྱ་གཞིར་བཟུང་། རིམ་གསུམ་མཉམ་འགུལ་གྲབས་གསོག་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། མངའ་རིས་ས་ཁུལ་གྱིས་གཟན་རྩྭ་དང་གཟན་ཆག་ཏུན་ཁྲི་1སྤྱི་འདོམས་གྲབས་གསོག་བྱས་པའི་ནང་ཁག་དང་པོར་ས་གནས་ས་ཐོག་ཏུ་ཏུན་5000གྲབས་གསོག་བྱས་ནས་སྒར་རྫོང་ལ་ཏུན་3000དང་སྒེར་རྩེ་རྫོང་ལ་ཏུན་2000གྲབས་གསོག་བྱས་ཡོད། དེ་དང་ཆབས་ཅིག རྫོང་བདུན་གྱི་སྲིད་གཞུང་གིས་ཏུན་ཁྲི་1.5གྲབས་གསོག་བྱེད་འགན་འཁུར་བ་དང་། ཞིང་འབྲོག་པ་ཚང་མས་ཕྱུགས་རིགས་མགོ་གྲངས་རེར་གཟན་རྩྭ་རྒྱ་མ་25རེ་གསོག་འཇོག་བྱེད་པའི་བླང་བྱ་གཞིར་བཟུང་། ཏུན་ཁྲི་2.5རང་བརྟེན་གྲབས་གསོག་བྱས་པ་དང་ཐབས་མང་མཉམ་སྤྱོད་ཀྱིས་ཕྱུགས་རིགས་ཀྱི་དགུན་སྒྲོལ་གཟན་རྩྭ་འདང་ངེས་གྲབས་གསོག་བྱས་ཏེ་འཕྲལ་སྡོམ་གཏོང་འདྲེན་དང་འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།

    མངའ་རིས་ས་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་པ་སུན་ཅུན་ཝུའེ་ཡིས། ཅུས་དེ་དང་རྫོང་ཁག་གིས“སྤྱི་འདོམས་གཅིག་ལྕོགས་ལྟ་རྟོག་དང་ནུས་ཆེའི་མཐུན་སྦྱོར”གྱི་རྩ་དོན་མཐའ་འཁྱོངས་ཀྱིས“ཐོགས་མེད་བགྲོད་ལམ”བཏོད་པ་དང་། ཞིབ་མཆན་འགོད་པའི་ལྷུ་ཚིགས་སྟབས་བདེ་རུ་གཏོང་བ། ཉོ་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གཟན་རྩྭ་ཉོ་སྒྲུབ་ལས་དོན་ཟླ་11ཚེས་15ཉིན་གོང་ནས་ཚང་མ་ལེགས་སྒྲུབ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།