ནང་འདྲེན་འགྲེམས་ཚོགས་ཐོག་ཐོན་རྫས་གསར་པ་མང་བ།

འདི་ནི་ཟླ་11ཚེས་6ཉིན་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ལག་རྩལ་དང་སྒྲིག་ཆས་ཀྱི་འགྲེམས་ཁུལ་ནས་པར་བརྒྱབ་པའི་ཀའོ་ཐུང་6Gམཐའ་སྣེའི་མ་དཔེའི་འཕྲུལ་ཆས་ཡིན་ལ་ཐོན་རྫས་དེ་གོ་ལ་ཧྲིལ་པོར་འགྲེམས་སྟོན་བྱེད་ཐེངས་དང་པོའང་ཡིན་པ་རེད།
ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ཐོག་གོ་ལ་ཧྲིལ་པོའི་འགྲེམས་ཞུགས་ཚོང་པས་གྲུབ་འབྲས་གསར་ཤོས་འཁྱེར་ཏེ་འགྲེམས་ཚོགས་ལ་གཅིག་སྡུད་ཐོག་ཞུགས་ཤིང་། ད་རེས་གོ་ལ་ཧྲིལ་པོར་འདོན་ཐེངས་དང་པོ་དང་། ཨེ་ཤེ་ཡར་འགྲེམས་ཐེངས་དང་པོ། ཀྲུང་གོར་ཐོན་ཐེངས་དང་པོ་བཅས་ཀྱི་ཚབ་མཚོན་རང་བཞིན་གྱི་འགྲེམས་རྫས་480ལྷག་ཡོད་པ་དེ་དག་གིས་གྲངས་འབོར་ཐད་སྔར་ན་མེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།