བོད་ཀྱིས་ནང་འདྲེན་འགྲེམས་ཚོགས་ཐོག་མཉམ་ལས་རྣམ་གྲངས་10ལ་མིང་རྟགས་བཀོད་པ།
ཟླ་11ཚེས་5ནས་10ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་གཉེར་བ་རེད། བོད་ཀྱི་ཉོ་སྒྲུབ་ཚོང་དུད་12དང་སྤུས་ལེགས་ཁེ་ལས་32འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད།
ནང་འདྲེན་འགྲེམས་ཚོགས་ཀྱི་རྒྱལ་སྤྱིའི་ཉོ་སྒྲུབ་དང་། མ་འཇོག་སྐུལ་སྤེལ། མི་ཆོས་རིག་གནས་སྤེལ་རེས། སྒོ་དབྱེ་མཉམ་ལས་བཅས་ལས་སྟེགས་ཆེན་པོ་བཞིའི་ནུས་པར་བརྟེན་ནས། རང་ལྗོངས་ཀྱིས་ཐོན་ཁུངས་གནད་སྨིན་འབྲེལ་མཐུད་བྱས་ཏེ། ས་ཡུལ་དངོས་སུ་མཉམ་ལས་རྣམ་གྲངས་10ལ་མིང་རྟགས་བཀོད་པའི་ནང་འཛད་སྤྱོད་རོགས་སྐྱོར་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན། སྤུས་རྟགས་ཀྱི་མཐུན་རྐྱེན་སྦྱོར་བ། ཚན་རྩལ་ཞིབ་སྤེལ་སོགས་ཁྱབ་ཁོངས་ཚུད་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་དང་། ཐོན་ལས་ཀྱི་མཐུན་རྐྱེན་སྦྱོར་བ། སྤུས་རྟགས་ཁྱབ་གདལ་སོགས་ཐད་ཚད་བརྒལ་མང་པོ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།