དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་དགུ་པའི་བར།

    མི་ཐེངས་ཁྲི་800ལྷག་ཙམ་ལ་ཁ་གསབ་རང་བཞིན་གྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-09

    ཉེ་ཆར་གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་། རང་རྒྱལ་གྱིས་ལས་རིགས་དང་ཁྱབ་ཁོངས་ཕྱེ་ནས་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་བྱས་ཤིང་། ཟླ་བ་དང་པོ་ནས་དགུ་པའི་བར་མི་ཐེངས་ཁྲི་800ལྷག་ཙམ་ལ་ཁ་གསབ་རང་བཞིན་གྱི་གསོ་སྦྱོང་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མི་སྤྱི་པུས“རྩལ་ནུས་ལ་བརྟེན་ནས་མདུན་ལམ་གསལ་བར་བྱེད་པའི”གསོ་སྦྱོང་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ་དང་། ཐོན་ལས་དང་། སློབ་གསོ། གདེང་འཇོག་བཅས་དང་། མངགས་ཐོའི་རྣམ་པ་དང་རྣམ་གྲངས་ལམ་ལུགས་སོགས་ཀྱི་གསོ་སྦྱོང་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་རིགས་དང་ཁྱབ་ཁོངས་ཕྱེ་ནས་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་བྱས་པ་རེད། ཟླ་9པའི་ཟླ་མཇུག་བར་ས་གནས་ཁག་གིས་ཐོན་ལས་དང་། སློབ་གསོ། གདེང་འཇོག་བཅས་ཀྱི་རྩལ་ནུས་གསོ་སྦྱོང་སྒྲིག་གཞི་379འཛུགས་སྐྱོང་བྱས་པ་དེ་ཁེ་ལས་3190དང་འབྲེལ་བ་ཡོད་པ་དང་མི་ཐེངས་ཁྲི་28གསོ་སྦྱོང་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    མི་སྤྱི་པུས《ལས་ཞུགས་སྔོན་འཇོག་འཐབ་ཇུས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ལག་ལེན་གཏིང་ཟབ་བསྟར་ནས། 《མི་ཐབས་རིག་ནུས་ཀྱི་ལག་རྩལ་འཕེལ་རྒྱས་དང་འཚམ་པའི་ལས་ཞུགས་མཛའ་མཐུན་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏོད་རྒྱུར་རམ་འདེགས་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ས་གནས་ཁག་གིས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ལག་རྩལ་རྩལ་ནུས་གསོ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་པར་ཁྲིད་སྟོན་གྱིས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ནས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།