དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-09

    ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་དམ་བཅའ་འཇོག་སྐབས་ལྟ་སྐུལ་ཡང་གནང་བ་རེད།

    གྲོལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཝང་ཅུན་ཀྲེང་དང་ཝང་ཉིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ་དང་། ཝང་ཁའེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ། ཀུང་ཀྲེང་དང་མའོ་ཝེ་མིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ། ལེང་ཡན་ཧྲུན་དང་ཝང་ཡུས་པོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ། ལིའུ་ཉིང་དང་། རེན་ཀྲེན་ཧོ། ཝང་ཀྲེང་ཕུའུ་བཅས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ། ཧྲེན་ཞའོ་མིང་དང་ཝང་ཆིང་ཤན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ་བཅས་རེད། རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྩ་ཁྲིམས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་གཞིར་བཟུང་། གོང་གསལ་མི་སྣ་དག་གིས་ཁྲིམས་ལྟར་རྩ་ཁྲིམས་དམ་འཇོག་བྱས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དམ་འཇོག་མཛད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།