དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲན་ཏུང་དང་ཁྲུང་ཆིང་གིས་དར་སྲིན་གསོ་སྤེལ་བྱས་ནས་ཐོན་ལས་གོང་འཕེལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-09

     འདི་ནི་བུད་མེད་ལས་མི་ཞིག་གིས་ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་མཚོ་འགྲུལ་དར་གོས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།

    ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་ནི་གྲོང་ཁྱེར་དེའི་དར་སྲིན་གསོ་སྤེལ་རྟེན་གཞི་ཆེ་ཤོས་ཡིན་ལ། “ཀྲུང་གོའི་དར་སྲིན་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད་ཅིང་། ཆན་ཅང་ཆུས་ཀྱིས་དར་སྲིན་གསོ་བའི་ཐོན་ལས་འཕེལ་རྒྱས་གཏོང་རིང་། དར་སྲིན་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱས་ཤིང་། ཧྲན་ཏུང་དང་ཁྲུང་ཆིང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་རྣམ་གྲངས་བརྒྱུད་2020ལོར་ཧྲན་ཏུང་ཉི་འོད་མཚོ་འགྲུལ་དར་གོས་ལས་རིགས་ཚད་ཡོད་ཀུང་སི་ཆན་ཅང་དུ་ནང་འདྲེན་བྱས་པ་དང་། ཁྲུང་ཆིང་མཚོ་འགྲུལ་དར་གོས་ཚད་ཡོད་ཀུང་སི་བཙུགས་ནས། ཆན་ཅང་གཙང་པོའི་སྤུས་ལེགས་དར་སྲིན་གྱི་ཐོན་ཁུངས་སྤྱད་དེ་ས་གནས་དེ་གའི་དར་སྲིན་གསོ་མཁན་ཞིང་པའི་སྲིན་སྒོང་ལས་སྣོན་བྱས་ནས་དར་གོས་ཐོན་རྫས་བཟོས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འཚོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།