རང་ལྗོངས་ཀྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གསར་འགོད་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

འདི་ནི་གསར་འགོད་པ་ཚོས་མི་མེད་གནམ་གྲུའི་ལད་ཟློས་འཕུར་སྐྱོད་ལྟེ་གནས་སུ་མི་མེད་གནམ་གྲུའི་བཀོལ་སྤྱོད་ཤེས་བྱ་སྦྱོང་བཞིན་པ།

འདི་ནི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས“སྐམ་སའི་གྲུ་ཤན་འབྲུག་མགོ་མའི”རྣམ་གྲངས་ཀྱི་འགྲན་བསྡུར་བྱ་ཡུལ་ཡིན་པ།
ཟླ་11ཚེས་6ཉིན། རང་སྐྱོང་ལྗོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཉམ་འབྲེལ་ཐོག་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པ་དང་མཉམ་དུ་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་27པར་རྟེན་འབྲེལ་ཞུས་པ་རེད། བྱེད་སྒོར་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་ཟབ་མོ་ཡོད་ལ་སྤྲོ་སྣང་ལྡན་པའི་མཉམ་འགུལ་དང་ལས་སྒོའི་བྱང་ཚད་མཐོར་གཏོང་གི་ཤེས་བྱ་གསར་པ་ཡང་ཡོད་པས། སྐྱིད་པའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་དུས་ཆེན་གྱི་དགའ་སྤྲོའི་རྣམ་པ་དང་འབད་འབུངས་སྟོབས་ཤུགས་ཀྱིས་ཁེངས་ཡོད།
བྱེད་སྒོ་འགོ་ཚུགས་མ་ཐག་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་རང་སྐྱོང་ལྗོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གསར་འགྱུར་ཚན་པ་དང་སྨྱན་སྦྱོར་གསར་འགོད་པར་འཚམས་འདྲི་བྱས་པ་རེད། ཀྲུང་གོ་ཉིན་རེའི་ཚགས་པར་བོད་ལྗོངས་གསར་འགོད་པའི་ས་ཚིགས་ཀྱི་གསར་འགོད་པ་དཔལ་ལྡན་ཉི་མས“རྒྱུན་དུ་ང་ཚོ་ཚང་མ་བཅར་འདྲིའི་ལས་ལ་གཞོལ་དགོས་པས་མཉམ་འཛོམས་བྱེད་པའི་དུས་ཚོད་ཧ་ཅང་ཉུང་ཉུང་རེད། ‘མ་ཁྱིམ’གྱི་ཐུགས་ཁུར་འདི་ནི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ངར་ཤུགས་འཕེལ་དགོས་པ་ཞིག་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།
དྲོ་སྐྱིད་ལྡན་པའི་རྣམ་པའི་ཁྲོད“མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་ཚོའི”སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་ཤིང་། གསར་འགོད་པ་ཚོས་ཕན་ཚུན་གཞོགས་འདེགས་ཀྱིས་ལུས་རྩལ་འགྲན་བསྡུར་བྱས། རྒྱུན་དུ་སྨྱུག་གུ་བཟུང་བ་དང་མཐེབ་གཞོང་གནོན་པའི་ལག་ཟུང་གིས་ལུས་རྩལ་རྩེད་ཆས་བཟུང་ནས་ཕྱར་བ་གྲུ་འདེགས་བྱས་པས་ལུས་རྩལ་ཐང་དུ་ཤུགས་རྒྱོབ་ཅེས་དང་དགའ་འབོད་ཡང་ཡང་གྲགས།
དེ་རྗེས་བྱེད་སྒོར་ད་དུང་གསར་འགྱུར་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་གློག་བརྙན《འབྲི་ཆུ་ཐེངས་བཞི་བརྒལ་བ》ཞེས་པར་བལྟས་པ་རེད། ཚང་མས་གློག་བརྙན་ནང་ནས་སྤྱིར་བཏང་མིན་པའི་ལོ་ཟླར་བསྐྱར་དྲན་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཚོར་བ། གསར་བརྗེའི་ལོ་རྒྱུས་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན། ཕུགས་བསམ་དང་དད་སེམས་བརྟན་གཏོང་བཅས་བྱས་ཏེ་དུས་རབས་གསར་པའི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ཡོད།
མི་མེད་གནམ་གྲུ་གསོ་སྦྱོང་བྱ་ཡུལ་དུ་མི་ཧ་ཅང་མང་པོ་ཡོད་ཅིང་། མི་མེད་གནམ་གྲུ་མཁའ་དབྱིངས་སུ་འཕུར་བ་དང་ཆབས་ཅིག་གསར་འགོད་པ་ཚོ་མཉམ་དུ་འཛོམས་ནས་སློབ་ཚན་ནན་ཏན་ཉན་པ་དང་ལག་པ་འགུལ་ནས་བཀོལ་སྤྱོད་ཀྱིས་མཉམ་འདྲེས་སྨྱན་སྦྱོར་གྱི་བཅར་འདྲི་དང་རྩོམ་སྒྲིག་གི་ནུས་པ་ཆེ་རུ་བཏང་སྟེ་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བས་ལེགས་པའི་སྒོ་ནས་འཚམ་པར་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་བོད་ཀྱི་གསུང་སྒྲ་བརྒྱུད་སྤེལ་ཡག་པོ་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ཡོད།
ད་ལོ་ཚུན་གྱི་ལྗོངས་ཡོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྐོར་གླེང་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་གསར་འགྱུར་ཁྲུའི་ཁྲུའུ་ཀྲང་གཞོན་པ་དང་བོད་ལྗོངས་གསར་འགོད་པའི་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝང་ལི་ཡིས“ལྗོངས་ཡོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་དེ་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་སྤེལ་ཏེ་དྲོ་སྐྱིད་ལྡན་པ་དང་། ནང་དོན་གཏིང་ཟབ་པ། བསམ་ཕྱོགས་ལྡན་པ་བཅས་ཀྱི་བརྩམས་ཆོས་ཁག་གཅིག་བཏོན་ཡོད། ལྷག་པར་དུ་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་འཕྲད་སྐབས་ཀྲུང་དབྱང་སྨྱན་སྦྱོར་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་འཐབ་ས་དང་པོར་བསྐྱོད་དེ་དུས་ཐོག་ཏུ་གནས་ཚུལ་གཏོང་སྤེལ་གྱིས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ནུས་ལྡན་བརྒྱབ་པ་དང་གསར་འགྱུར་ལས་དོན་པའི་འགན་འཁྲི་ཁུར་སེམས་མངོན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།