མངའ་རིས་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་བྱེད་མགྱོགས་སུ་བཏང་བ།
ད་ལོ་ནས་བཟུང་། མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ས་ཁུལ་གྱི་གནས་བབ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་ཁྱད་ཆོས་བཅས་ལ་གཞི་ཚུགས་ཏེ། ཚོང་འགུགས་བྱེད་སྟངས་གསར་གཏོད་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ཚོང་འགུགས་མ་འདྲེན་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད། ཟླ་དང་པོ་ནས་བདུན་པའི་བར། ས་ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་བཏང་ནས་སྐྲུན་བཞིན་པའི་རྣམ་གྲངས་42ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཚོད་རྩིས་བརྒྱབ་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་96.48གཏོང་རྩིས་ཡོད་པ་རེད། ཚོང་འགུགས་མ་འདྲེན་བྱས་ནས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་17.73བཏང་ཟིན་པས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་136.38%ལེགས་གྲུབ་ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ཚོང་འགུགས་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། དམིགས་ཚད་དང་ལས་འགན་ཞིབ་ཕྲ་བཟོ་བ། ནུས་རྒྱུ་གཙང་མ་དང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། མཐའ་མཚམས་ཚོང་དོན་གྱི་ཟོག་འགྲུལ། ལྗང་མདོག་བཟོ་ལས་སོགས་ལེགས་ཆའི་ཐོན་ལས་ལ་དམིགས་ཏེ། གནད་སྨིན་སྦྲེལ་མཐུད་དང་། དམིགས་གཏད་ཚོང་འགུགས། རིམ་བཞིན་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་སྒྲུབ་སྟངས་ཁྱབ་གདལ་བཏང་ནས“སྐྲུན་བཞིན་ཡོད་པ་དང་། དོན་འཁྱོལ་བྱེད་རྩིས་ཡོད་པ། གྲོས་བསྡུར་བྱེད་བཞིན་ཡོད་པ། གྲབས་གསོག”བཅས་རིམ་བཞིའི་རྣམ་གྲངས་འཁོར་རྒྱུག་གི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།