དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་གཉེར་སྐྱོང་བྱེད་པོའི་ཐོ་འགོད་བདག་ཁོངས་ཀྱི་གཏན་འབེབས་གསར་པ་ཟླ་11པ་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་16ཉིན་ནས་མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《མཚོ་སྔོན་ཞིང་ཆེན་གྱི་གཉེར་སྐྱོང་བྱེད་པོའི་ཐོ་འགོད་བདག་ཁོངས་ཀྱི་གཏན་འབེབས》དངོས་སུ་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་ཐོ་འགོད་བདག་སྐྱོང་བྱེད་དབང་དང་འགན་འཁྲིའི་ཐད་མ་ལག་རང་བཞིན་གྱི་བསྐྱར་སྐྲུན་དང་། ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ) རྫོང་བཅས་རིམ་གསུམ་ཐོ་འགོད་ལས་ཁུངས་ཀྱི་འགན་འཁྲིའི་དབྱེ་མཚམས་ཕྱོགས་ཡོངས་ནས་གསལ་པོ་བཟོ་བ། ཁེར་རྐྱང་བཟོ་ཚོང་དུད་ཚང་སོགས་གཉེར་སྐྱོང་བྱེད་པོ་མང་ཆེ་བས་རང་གནས་སའི་རྫོང་རིམ་པའི་ཐོ་འགོད་ལས་ཁུངས་སུ་ཐག་ཉེ་ས་ནས་ལས་གཉེར་ལག་ཁྱེར་གཉེར་བ་བཅས་བྱས་ཏེ“སྒོ་རྩར་ལག་ཁྱེར་གཉེར་ཐུབ”རྒྱུ་རེད།

    དེ་གོང་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཟླ་10ཚེས་10ཉིན་གཏན་འབེབས་གསར་པ་དངོས་སུ་བཀྲམ་པ་དང་། 2022ལོར་ཁྱབ་བསྒྲགས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོ་ཐོ་འགོད་བདག་ཁོངས་ཀྱི་གཏན་འབེབས》དེ་དུས་གཅིག་ཏུ་མེད་པ་བཟོས་པ་རེད། གཏན་འབེབས་གསར་པའི་ནང《ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག》སོགས་གོང་གནས་ཁྲིམས་སྲོལ་གྱི་བླང་བྱར་ནན་པོར་གཞིགས་ནས། རིམ་གསུམ་ཐོ་འགོད་ལས་ཁུངས་ཀྱི་ལས་སྒོའི་དོ་དམ་ཁྱབ་ཁོངས་ལ་ཚན་རིག་དང་མཐུན་པའི་དབྱེ་འབྱེད་དང་། འགན་དབང་ཁ་གསལ་དང་རིམ་པ་གསལ་བའི་ཐོ་འགོད་དོ་དམ་མ་ལག་འཛུགས་པ། རེ་འདུན་ཞུ་མཁན་གྱིས་གཉེར་སྐྱོང་བྱེད་པོའི་རིགས་ལ་གཞིགས་ནས་སྡོད་ཁུལ་གྱི་བདག་སྐྱོང་བྱེད་དབང་ལྡན་པའི་ཐོ་འགོད་ལས་ཁུངས་ལ་ཐད་ཀར་ཐོ་འགོད་རེ་ཞུ་འབུལ་བ་ལས་རིམ་པ་བརྒལ་ནས་བློ་འདྲི་བྱེད་དགོས་ཀྱི་མེད།

    གཏན་འབེབས་གསར་པའི་ནང་ཁོངས་གཏོགས་ཁུལ་གྱི་ཐག་ཉེ་སར་གཉེར་བའི་སྟོན་ཕྱོགས་སྔར་བས་དོན་འཁྱོལ་བྱས་ཤིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་ཁ་གསལ་བྱས་པ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དབང་ཆ་སྤྲད་པ་བརྒྱུད་ངེས་པར་དུ་ཞིང་ཆེན་དང་གྲོང་ཁྱེར(ཀྲོའུ)གྱི་ཐོ་འགོད་ལས་ཁུངས་ཀྱིས་གཉེར་དགོས་པའི་དམིགས་བསལ་བྱེད་པོ་ཕུད། དེ་བྱིངས་ཀྱི་ཁྲོམ་རའི་བྱེད་པོ་མང་ཆེ་བའི་ཐོ་འགོད་དོན་ཚན་ཚང་མ་ས་གནས་དེ་གའི་རྫོང་རིམ་པའི་ཐོ་འགོད་ལས་ཁུངས་ཀྱིས་སྒྲུབ་འགན་འཁུར་ནས་ཐོ་འགོད་དབང་ཆ་ཕྱོགས་ཡོངས་ནས་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་བ་རེད།

    མིག་སྔར་ཞིང་ཆེན་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་མ་ལག་གིས་གཏན་འབེབས་གསར་པའི་དྲིལ་བསྒྲགས་གསལ་འགྲེལ་གྱི་གྲ་སྒྲིག་ལས་དོན་སྤེལ་འགོ་བཙུགས་ནས། གཞུང་ཕྱོགས་དྲ་ཚིགས་དང་། ལས་སྒྲུབ་སྐར་ཁུང་། གཞི་རིམ་གྱི་སྒྲོག་འགྲེལ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་རྒྱུ་དང་། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྗེས་སུ་དུས་གཅིག་ཏུ་ཞིབ་ཕྲའི་ཐོ་འགོད་མཛུབ་ཁྲིད་ལྷན་སྦྱར་གྱིས་རིམ་ཁག་ཐོ་འགོད་ལས་ཁུངས་ཀྱིས་ཐོ་འགོད་བདག་ཁོངས་ཀྱི་འགན་འཁྲི་ཚད་ལྡན་ངང་བསྒྲུབ་རྒྱུར་མཛུབ་ཁྲིད་བྱ་རྒྱུ། གཉེར་སྐྱོང་བྱེད་པོའི་ཐོ་འགོད་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་མཐུད་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།