དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་འབྲེལ་ཟབ་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་འབྲེལ་ཟབ་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྲུན་པའི་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོར་འབྲེལ་ཟབ་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་འགོ་ཚུགས་ཚུན། མཚོ་སྔོན་ཞིང་ཆེན་གྱིས་ལས་དོན་དེ་ཆུ་ཚད་མཐོ་བའི་བདེ་ཐང་མཚོ་སྔོན་འཛུགས་གཏོད་དང་། “སྨན་གསུམ”མཉམ་སྒྲུབ་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ལ་ནད་རིགས་སྔོན་འགོག་དང་། བརྟག་དཔྱད། སྨན་བཅོས། ལུས་གསོ། ནད་གཡོག བདེ་ཐང་དོ་དམ་སོགས་གཞི་གཅིག་ཅན་དང་རྒྱུན་མཐུད་ཅན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མང་ཚོགས་ཀྱི་སྨན་པ་བསྟེན་པའི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་བཏང་བ་རེད།

    ཐོན་ཁུངས་གཤམ་སྤྲོད་གནད་སྨིན་ནུས་ལྡན་བྱུང་ནས་གྲོང་གསེབ་ཀྱི་སྨན་བཅོས་སྟོབས་ཤུགས་ཤུགས་ཆེར་རྒྱུན་མཐུད་ཕྱིན་ཞིང་། སྒྲིག་ཆས་ཐད་ནས། ཤང་གྲོང་འཕྲོད་བསྟེན་ཁང་ལ་DRདང་། ནད་བརྟག་ཚོན་པར། རང་འགུལ་སྐྱེ་འགྱུར་དབྱེ་ཞིབ་དཔྱད་ཆས་སོགས་ཀྱི་རྒྱུན་སྤྱོད་སྨན་བཅོས་སྒྲིག་ཆས་དང་། སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་ཁྲག་ཤེད་དང་ཁྲག་མངར་གྱི་འཁྱེར་བདེའི་ཞིབ་དཔྱད་ཡོ་ཆས་སོགས་སྒྲིག་སྦྱོར་བྱས་ཡོད། ཤེས་ལྡན་པའི་ཐད་ནས། རྫོང་རིམ་པའི་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ཁྲིད་སྟོན་དང་རྐང་འཛིན་སྨན་པ་གནས་སྡོད་རོགས་སྐྱོར་སོགས་ཀྱི་ལམ་སྲོལ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྱབ་གདལ་བཏང་སྟེ། “སྨན་པ་གྲགས་ཅན་གྱི་ལས་དོན་ཁང་ཤང་དང་གྲོང་རྡལ་དུ་སྨན་བཅོས་བྱེད་པར་སྐྱོད་པ་དང་། ཆེད་ཚན་ཚོགས་པས་ཡུག་ཁུལ་དུ་ལས་དོན་སྒྲུབ་འགན་གཙང་ལེན”སོགས་ཀྱི་རོགས་སྐྱོར་བྱེད་སྟངས་བཏོད་ནས་གཞི་རིམ་གྱི་སྨན་དོན་པར་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་དང་། དོས་དྲག་ནད་འཕྲལ་བཅོས། གཅོང་ནད་ཚད་ལྡན་ཅན་གྱི་དོ་དམ་བཅས་ཀྱི་རྩལ་ནུས་ཁོང་དུ་ཆུད་པར་སྐུལ་ཁྲིད་བྱས་ཡོད། ཞིང་ཆེན་དང་། གྲོང་ཁྱེར་གྱི་རིམ་པ་གཉིས་པ་དང་རིམ་པ་གསུམ་པའི་སྨན་བཅོས་སྒྲིག་གཞིའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་གཤམ་སྐྱོད་བྱེད་པར་སྐུལ་འདེད་བཏང་བ་དང་། གྲོང་ཁུལ་གཙོ་བོའི་མི་འབོར་ཁྲི་156.8ལ་ཁྱབ་ཡོད་པ་རེད། ཞབས་ཞུའི་འཁོར་འབྲེལ་ས་ཁོངས་ཡོངས་སུ་ཁྱབ་ནས་བདེ་ཐང་དོ་དམ་དེ་ཉིད་ནད་གཞི་བཅོས་པ་ནས་ནད་གཞི་འགོག་པའི་ཕྱོགས་སུ་གྱུར་ཞིང་། སྨན་བཅོས་གཅིག་མཐུན་ཚོགས་པ་ཁག་གིས་རྫོང་རིམ་པའི་ཆེད་ཚན་སྨན་པ་དང་། ཤང་གྲོང་གི་ཀུན་བཅོས་དང་སྤྱི་པའི་འཕྲོད་བསྟེན་མི་སྣ། གྲོང་ཚོའི་སྨན་པ་བཅས་ལས་གྲུབ་པའི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཚོཌ་པ་བཙུགས་ནས་རྒན་རྒོན་དང་། སྦྲུམ་མ། བྱིས་པ། གཅོང་ནད་ཕོག་མཁན། དབང་པོ་སྐྱོན་ཅན་སོགས་གཙོ་གནད་མི་ཚོཌ་ལ་དམིགས་ཏེ་ཁྱིམ་དུ་ནད་བརྟག་དང་། བདེ་ཐང་བརྟག་དཔྱད། སྨན་སྤྱོད་མཛུབ་ཁྲིད། ལུས་གསོ་བདག་སྐྱོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་འདེགས་ཞུས་ཡོད། གཅོང་ནད་མཉམ་འགོག་མཉམ་བཅོས་དང་། ལོ་ཚད་ལོན་པའི་མི་ཚོཌ་ལ་རིམས་འགོག་སྨན་ཁབ་རྒྱག་པ། གཙོ་གནད་འགོས་ནད་གྲལ་བཤེར་དང་དོ་དམ་ཚོད་འཛིན། གྲོང་གསེབ་ཀྱི་བདེ་ཐང་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གཙོ་གནད་མི་ཚོཌ་ཀྱི་བདེ་ཐང་གློག་རྡུལ་ཡིག་ཚཌ་ཀྱི་འགུལ་རྣམ་གསར་སྒྱུར་ལམ་སྲོལ་བཙུཌ་པས། “རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་དང་། ཉེན་ཟོན་སྔོན་བརྡའི་དྲན་སྐུལ། རིམ་དབྱེ་སྨན་བཅོས་དང་སྨན་ཁང་སྒྱུར་བ། དྲག་སྐྱེད་བྱུང་རྗེས་ཀྱི་བསྐྱར་འདྲི”བཅས་ཀྱི་གདུབ་ཟུམ་དོ་དམ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།