འཇར་མན་གྱིས་ལས་རིགས་སློབ་གསོའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

འཇར་མན་གྱི་པེར་ལིན-པོ་ལན་ཏེང་པའོ་ཡི་སློབ་གསོ་བསྐྱར་མ་དང་ལས་རིགས་གསོ་སྦྱོང་ལྟེ་གནས་ཀྱིས་ཁེ་ལས་དང་སློབ་མར་གསར་གཏོད་རྣམ་པའི་ལས་རིགས་སློབ་གསོའི་གསོ་སྦྱོང་རྣམ་གྲངས་གཏོད་བཞིན་ཡོད། འདི་ནི་གསོ་སྦྱོང་ལྟེ་གནས་ཀྱི་རང་འགུལ་ཚོད་འཛིན་དངོས་སྦྱོང་ཚོད་ལྟ་ཁང་དུ་དགེ་རྒན་གྱིས་དཔེ་དུམ་ཅན་གྱི་དངོས་སྦྱོང་ལས་སྟེགས་ལ་བརྟེན་ནས་རང་འགུལ་ཚོད་འཛིན་མ་ལག་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ།

འཇར་མན་གྱི་ཨའོ་ཧྥེན་པ་ཧོ་རུ་གནས་པའི་གཡོད་ཧན•ལོར་མན་ངར་ལྕགས་བཟོ་རྩལ་ཀུང་སིར་དགེ་རྒན་གྱིས་སློབ་མར་རྡར་ཆས་སྤྱོད་སྟངས་སློབ་བཞིན་པ།(འདི་ག་ཚགས་པར་ཡོ་རོབ་ལྟེ་བའི་ཡན་ལག་ཁང་གི་དབྱི་ལིན་གྱིས་པར་བརྒྱབ)

འཇར་མན་གྱི་པེར་ལིན-པོ་ལན་ཏེང་པའོ་ཡི་སློབ་གསོ་བསྐྱར་མ་དང་ལས་རིགས་གསོ་སྦྱོང་ལྟེ་གནས་ཀྱི་འཕྲུལ་ཆས་ལས་སྣོན་དངོས་སྦྱོང་འཁོར་ཁང་དུ་དགེ་རྒན་གྱིས་དཔེ་རིས་ལ་གཞིགས་ནས་སློབ་མར་འཕྲུལ་ཆས་ལས་སྣོན་བརྒྱུད་རིམ་གྱི་བདེ་འཇགས་ཚད་གཞི་དང་བེད་སྤྱོད་གཏོང་སྟངས་སློབ་བཞིན་པ།(པེར་ལིན-པོ་ལན་ཏེང་པའོ་ཡི་སློབ་གསོ་བསྐྱར་མ་དང་ལས་རིགས་གསོ་སྦྱོང་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས)

རྒྱལ་ཁོངས་གཞན་གྱི་སློབ་མ་ས་གནས་དེ་གའི་སྤྱི་ཚོགས་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་པར་རོགས་རམ་བྱ་རྒྱུ་དེ་འཇར་མན་གྱི་སྣ་གཉིས་ལམ་ལུགས་ལས་རིགས་སློབ་གསོར་འཕྲད་པའི་ཞིབ་འཇུག་བྱ་གཞི་གསར་པར་འགྱུར་བཞིན་ཡོད། འདི་ནི་འཇར་མན་གྱི་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་གི་རྒྱལ་ཁོངས་གཞན་གྱི་སློབ་མས་སྐད་ཡིག་གསོ་སྦྱོང་སློབ་ཚན་ཐོག་འཇར་མན་གྱི་སྐད་ཡིག་སྦྱོང་བཞིན་པ།(འདི་ག་ཚགས་པར་ཡོ་རོབ་ལྟེ་བའི་ཡན་ལག་ཁང་གི་ཤའོ་ཅིང་གིས་པར་བརྒྱབ)

ཉེ་ཆར་འཇར་མན་གྱི་གསར་གཏོད་རྣམ་པའི་ལས་རིགས་སློབ་གསོ་ཤུགས་ཆེར་གཏོང་བའི་འཆར་གཞིའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཇར་མན་གྱི་པེར་ལིན་དུ་འཚོགས་ཤིང་། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་འཇར་མན་སྲིད་གཞུང་གིས་མ་དངུལ་བཏང་བའི་གསར་གཏོད་རྣམ་གྲངས་ཀྱི་གྲུབ་འབྲས་28གཅིག་སྡུད་འགྲེམས་སྟོན་བྱས་ཤིང་། འདི་ནི་བགྲོ་གླེང་ཚོགས་འདུ་འཚོག་ཡུལ་དུ་ཚོགས་ཞུགས་མི་སྣས་ལག་རྩལ་གསོ་སྦྱོང་སྐབས་ཀྱི་མཉམ་སྤྱོད་ཉན་བཞིན་པ།

ཉེ་ཆར་ཁའེ་ཤིན་སི་ཐའེ་ནཱ་བུམ་པ•སུའུ་ཀྲོའུ་ཡི་ཀྲུང་གོ་དང་འཇར་མན་གྱི་རྩལ་ནུས་སྤེལ་རེས་བྱེད་སྒོ་སུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་ཆེན་དུ་སྤེལ་བ་རེད། བྱེད་སྒོར་AIདང་། རིག་ནུས་བཟོ་སྐྲུན། གྲངས་འཛིན་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད། གྲངས་རིག་ལུས་གསོ། རིག་ནུས་པར་རྒྱག མི་མེད་གནམ་གྲུའི་ལག་རྩལ་བཅས་ཁྱད་ལྡན་ཉམས་ལེན་ཁུལ་ཆེན་པོ་ལྔ་བཙུགས་ཡོད་པ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ཞེ་བརྒྱད་པའི་ཐོག་འཇར་མན་རྒྱལ་ཁབ་རུ་ཁག་གི་བདམས་ཐོན་པ་ཚོས་ཀྲུང་གོ་ཕྱོགས་ཀྱི་དགེ་སློབ་དང་ལག་ཤེས་བཟོ་རྩལ་སྐོར་བགྲོ་གླེང་བྱེད་བཞིན་པ། (འཇར་མན་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་རྩ་འཛུགས་ཀྱིས་པར་མཁོ་འདོན་བྱས)

ཤིས་མོན་ཙེ་ཡིས་མཚོན་བྱེད་དུ་བྱས་པའི་འཇར་མན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་གྲངས་འཛིན་ཅན་གྱི་ནང་དོན་དེ་གསོ་སྦྱོང་མ་ལག་ནང་མཉམ་འདྲེས་བྱས་ཡོད། འདི་ནི་ཤིས་མོན་ཙེ་པེར་ལིན་རྟེན་གཞིར་སློབ་མས་བཟོ་ལས་འཕྲུལ་ཆས་ཀྱི་ལག་རྩལ་སྦྱོང་བཞིན་པ།(ཤིས་མོན་ཙེ་ཡིས་པར་མཁོ་འདོན་བྱས)

འདི་ནི་འཇར་མན་པེར་ལིན-པོ་ལན་ཏེང་པའོ་ཡི་སློབ་གསོ་བསྐྱར་མ་དང་ལས་རིགས་གསོ་སྦྱོང་ལྟེ་གནས་ཀྱི་ཕྱིའི་བཀོད་པ་ཡིན་པ། (སློབ་གྲྭས་པར་མཁོ་འདོན་བྱས)
འཇར་མན་གྱི་སྣ་གཉིས་ལམ་ལུགས་ལས་རིགས་སློབ་གསོས་དུས་ཡུན་རིང་པོའི་ནང་སློབ་གྲྭ་དང་ཁེ་ལས་ཟུང་འབྲེལ་བྱེད་སྟངས་ལ་བརྟེན་ནས་བཟོ་སྐྲུན་ལས་རིགས་ལ་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་གཞོན་ནུ་ལས་ཞུགས་ཐུབ་ཚད་བརྟན་དུ་བཏང་བ་དང་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། ད་ཆ་གྲངས་འཛིན་ཅན་དང་མི་ཐབས་རིག་ནུས་རླབས་རྒྱུན་གྱི་རྡབ་རྡེག་དབང་གིས་མ་ལག་དེར་དཀའ་གནད་མང་དག་ཅིག་འཕྲད་སྟབས་ཐབས་མང་མཉམ་སྤྱོད་ཀྱིས་སྒྱུར་བཅོས་དང་འཚོལ་ཞིབ་བྱེད་བཞིན་ཡོད། འདོན་སྤྲོད་དང་དགོས་མཁོའི་འགལ་ཟླ་སེལ་ཆེད་འཇར་མན་སྲིད་གཞུང་གིས་གྲངས་འཛིན་ཅན་གྱི་ནུས་པ་དེ་རྨང་གཞིའི་བྱང་ཚད་དུ་བརྩིས་པ་དང་འབྲེལ་སློབ་མའི་ཕོགས་སྣོན་ཡང་མཐོ་རུ་བཏང་ཡོད། པའོ་མཱ་དང་ཤིས་མོན་ཙེ་སོགས་ཁེ་ལས་ཆེ་གྲས་ཀྱིས་དངོས་སྦྱོང་སློབ་ཚན་གསར་བརྗེས་བྱས་ནས་མི་ཐབས་རིག་ནུས་ལས་རིགས་ཡོངས་ཀྱི་སློབ་ཁྲིད་ནང་མཉམ་འདྲེས་ཐུབ་པར་བྱས་ཡོད། ཕྱོགས་གསུམ་པའི་སྒྲིག་གཞིས་མཉམ་སྤྱོད་ཀྱི་དངོས་སྦྱོང་ལས་སྟེགས་བསྐྲུན་ནས་ཁེ་ལས་འབྲིང་ཆུང་ལ་གསོ་སྦྱོང་གི་མ་གནས་དམའ་རུ་གཏོང་རོགས་བྱས་ཡོད། ད་ཆ་འཇར་མན་གྱི་ལས་རིགས་སློབ་གསོ་དེ་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་ཕྱོགས་སུ་ཕྱོགས་སྒྱུར་བྱེད་བཞིན་ཡོད་པ་དང་། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་མཉམ་སྤེལ་གྱི་ཁོར་ཡུག་གསར་པར་ཕྱོགས་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།