དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མཱ་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-11-08

    ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མཱ་དང་གྲོས་མོལ་གནང་བ།

    ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོཌ་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མཱ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨེན་ཀུའེ་མཱར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་ གློག་འཕྲིན་འབྱོར་གསལ། ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མཱ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བའི་ངེས་གནས་དེ་དུས་རབས་གསར་པའི་ཀྲུང་ཀའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་དང་ཀ་པོན་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་སྐུ་ངོ་མས་གསར་གཏོད་དང་སྐྱེད་སྲིང་ཞིབ་ཚགས་གནང་ཡོད། རྒྱལ་ཁབ་གཉིས་པོས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་རྒྱབ་སྐྱོར། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་མཐའ་འཁྱོངས་བྱས་པས་ཕྱོགས་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་རྡོ་རྗེ་བྲག་ལྟར་བརྟན་པོ་བྱུང་ཡོད། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ཀ་པོན་ཡང་རྒྱལ་ཁབ་དར་རྒྱས་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོ་དང་ཀ་པོན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ལ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་འབད་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་ཀྱི་རང་ཚུགས་རང་བརྟེན་འཕེལ་རྒྱས་ཀྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་བྱས་ཏེ་ཀ་པོན་གྱི་ཆབ་སྲིད་དང་། དཔལ་འབྱོར། ཕྱི་འབྲེལ་བཅས་ཀྱི་རང་བརྟེན་ལ་རྒྱབ་སྐྱོར་བྱས་ནས་ཀ་པོན་ཕྱོགས་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་ཀའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕན་ཚུན་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་གོ་དང་ཀ་པོན་འབྲེལ་བའི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་རེད། ཀ་པོན་གྱིས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱེད་ངེས་ཡིན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྱག་ཀྱོག་གི་ལམ་བུ་བརྒྱུད་དེ་འཕེལ་རྒྱས་དང་རྒྱ་སྐྱེད་རྒྱུན་ཆད་མེད་པར་བཏང་ནས་འཛམ་གླིང་གི་སྲིད་སྐྱོང་ཏང་ཨང་དང་པོར་གྱུར་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་པ་དེ་ནི་གྲུབ་འབྲས་ཐོན་པའི་འགག་རྩ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་དང་རིམ་པ་ཁག་གི་འགྲོ་འོང་ཟབ་ཏུ་བཏང་ནས་ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་སྤེལ་རེས་བྱས་ཏེ་ཀ་པོན་གྱིས་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་དང་ཀ་པོན་གྱི་དཔལ་འབྱོར་ལེགས་ཆ་གསབ་རེས་མངོན་གསལ་དོད་པ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བས་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ཀྱི་འཕར་གཞི་སྐྱེད་སྲིང་བྱེད་པ། “སྒོ་ཁྲལ་མེད་པ”དང་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་གཏོང་བའི“ཐོགས་མེད་བགྲོད་ལམ”གྱི་གོ་སྐབས་གསར་པ་ཡག་པོ་སྤྱོད་པ། རྒྱལ་ཁབ་གཉིས་པོའི་ཚོང་དོན་མ་འཇོག་གི་མཉམ་ལས་རྒྱ་སྐྱེད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀ་པོན་ཕྱོགས་ཀྱི་ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་རིམ་སྤོར། དམངས་འཚོ་ལེགས་གཏོང་བཅས་ལ་སྐུལ་ཁྲིད་བྱས་ཐོག དཔལ་འབྱོར་རང་བརྟེན་གྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས། ངས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ནི་དང་ཐོག་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་ལ་ཕན་ཐོགས་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀ་པོན་གྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཀ་པོན་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཐུན་མོང་ཐོག་སྐྲུན་འདོད་ཡོད།

    ཨེན་ཀུའེ་མཱ་ཡིས་གསུངས་དོན། ཀ་པོན་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་དུས་རབས་ཕྱེད་ཀ་ལྷག་ཙམ་རྒྱུན་མཐུད་བྱས་པ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་པོའི་རོགས་ཟླའི་འབྲེལ་བའི་རྨང་རྡོ་ཡིན། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གསོན་ཤུགས་ལྡན་ཞིང་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ། སྨན་བཅོས། སློབ་གསོ། ལས་རིགས་གསོ་སྦྱོང་སོགས་ཁྱབ་ཁོངས་སུ་ཀ་པོན་གྱི་དཔལ་འབྱོར་སྣ་མང་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་བས་ཀ་པོན་གྱི་དམངས་འཚོ་ལེགས་སུ་ཕྱིན་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་རྒྱུ་ཡིན། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་དང་ཏང་གཉིས་དབར་འགྲོ་འོང་བྱས་ནས་ཏང་དང་རྒྱལ་ཁབ་སྐྱོང་བའི་ཀྲུང་གོའི་གྲུབ་འབྲས་དང་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དེ་བས་མང་བ་ཀ་པོན་དུ་མ་འཇོག་ལས་དར་བྱེད་པར་ཡོང་ནས་ཀ་པོན་གྱི་བཟོ་ལས་ཅན་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ལ་རམ་འདེགས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླའི་འབྲེལ་བ་བཙུགས་པ་དང་། “སྒོ་ཁྲལ་མེད་པའི”སྲིད་ཇུས་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དགོས་མཁོ་དང་འཚམ་པས་ཨ་ཧྥེ་རི་ཁའི་ཐོན་རྫས་ཀྲུང་གོའི་ཁྲོམ་ར་ཆེ་མོར་ཞུགས་ཐུབ་པ་བྱུང་བ་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་སྤེལ་སྐབས་དྲང་གཞག་དྲང་བདེན་གྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་པར་ཀ་པོན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།

    གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་། “སྒོ་ཁྲལ་མེད་པ” ཐོན་སྐྱེད་མཁོ་སྤྲོད་འཁོར་སྦྲེལ། རྒྱ་ཡིག་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་དོན་འཁྱོལ་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།

    འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས《དུས་རབས་གསར་པའི་ཀྲུང་ཀའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨེན་ཀུའེ་མཱར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་གནང་བ་རེད།

    ཨེན་ཀུའེ་མཱ་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དམག་གཟིགས་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཨེན་ཀུའེ་མཱ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་གནང་བ་རེད།

    ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཨེན་ཀུའེ་མཱར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།