དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ན་གཞོན་སློབ་མར་འཕྲིན་ལན་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-11-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ན་གཞོན་སློབ་མ་110ལ་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་ཀྲུང་ཨོའི་མཛའ་མཐུན་བྱ་གཞག་ནང་མུ་མཐུད་ཧུར་ཐག་ཞུགས་རྒྱུའི་ལྕག་སྐུལ་གནང་བ་རེད།

    ཞི་ཅིན་ཕིང་གིས། མི་རིང་བའི་གོང་ཁྱེད་ཚོ་ཀྲུང་གོར་ཡོང་ནས“ཀྲུང་ཨོའི་གཞོན་ནུའི(སློབ་ཆེན་སློབ་མའི)གྲུ་ཆུང་འགྲན་བསྡུར་དང་གྲུ་ཤན་འབྲུག་མགོ་མའི་མཛའ་གྲོགས་འགྲན་བསྡུར”ལ་ཞུགས་ཏེ། ཀྲུང་གོའི་མཐོ་སློབ་སློབ་མ་དང་འགྲན་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་ནས། རྒྱལ་མཚམས་སྒྲོལ་བའི་མཛའ་གྲོགས་བཏོད་པ་དང་བག་ཆགས་ཡག་པོ་བཞག་པ་ཤེས་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་ན་གཞོན་ལ་ཐུག་ཡོད།

    ཁྱེད་ཚོས་ཀྲུང་ཨོའི་མཛའ་གྲོགས་བྱ་གཞག་ལ་མུ་མཐུད་ཧུར་ཐག་ཞུགས་ནས་ཀྲུང་ཨོའི་དབར་གྱི་མཛའ་གྲོགས་དང་མཉམ་ལས་ཀྱི་རྒྱུན་འཛིན་པ་ཞིག་བྱས་ཏེ། ཀྲུང་ཨོའི་དབར་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའིརེ་བ་ཡོད་ཅེས་གསུངས་པ་རེད།

    ཉེ་ཆར། ཤིས་ཉི་སློབ་ཆེན་སོགས་མཐོ་སློབ་ནས་ཡོང་བའི་ཨོ་སི་ཁྲུ་ལི་ཡའི་ན་གཞོན་སློབ་མ་110ཡིས་མཉམ་དུ་མིང་བཀོད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སིར་འཕྲིན་ཡིག་སྤྲིངས་ནས། ཀྲུང་གོར་འཚམས་འདྲི་དང་སྤེལ་རེས་ལ་ཡོང་བའི་ཉམས་མྱོང་ངོ་སྤྲོད་བྱས་ཏེ་ཀྲུང་གོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་དང་ཚན་རྩལ་གསར་གཏོད་ནུས་པར་ཡིད་སྨོན་དང་ཀྲུང་ཨོའི་མཛའ་གྲོགས་བརྒྱུད་སྤྲོད་དང་ཕན་ཚུན་དབར་རྒྱུས་མངའ་ཟབ་ཏུ་གཏོང་བའི་འདུན་པ་བཟང་པོ་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།