དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ནང་ཞུགས་སྐབས་ནན་བཤད་གནང་དོན།

    བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ནས་མི་དམངས་བློ་ཡིད་ཚིམ་པའི་འཐུས་མི་འདེམས་ཐུབ་པའི་འགན་ལེན་བྱེད་དགོས།

    ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་བཅས་རང་རང་སོ་སོའི་འདེམས་ཁུལ་དུ་འདེམས་ཤོག་འཕེན་པའི་ནང་ཞུགས་པའམ་ཡང་ན་མི་གཞན་ལ་འདེམས་ཤོག་འཕེན་རྒྱུའི་མངགས་བཅོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-11-08

    ཟླ་11ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ནང་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་6ཉིན་ནི་པེ་ཅིང་གྲོང་ཁྱེར་ཆུས་དང་ཤང་གྲོང་རྡལ་རིམ་གཉིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ཉིན་མོ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གྲོང་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ནང་ཞུགས་སྐབས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱེད་པ་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་པའི་རྨང་གཞི་རེད་ལ། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཁྲིམས་ལྟར་ལས་དོན་ནན་པོ་སྒྲུབ་པ། འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། འདེམས་བསྐོའི་ལས་དོན་གྱི་ཁ་ཕྱོགས་ཡང་དག་དང་སྲོལ་བཟང་སྤྱོད་བཟང་འགན་ལེན་དང་མི་དམངས་བློ་ཡིད་ཚིམ་པའི་འཐུས་མི་འདེམས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་སྐར་ལྔའི་དར་དམར་བཀྲག་མདངས་ལྷག་པར་ཆེ་ཞིང་། རྒྱལ་རྟགས་བཀོད་པའི་འདེམས་ཤོག་བླུག་སྒམ་དམར་པོ་དཀྱིལ་དུ་བཞག་ཡོད་པ་དང་། འདེམས་ཤོག་འཕེན་པའི་ལས་དོན་ཚད་དང་ལྡན་ལ་གོ་རིམ་ལྡན་པ། ས་ཡུལ་དངོས་ཀྱི་རྣམ་པ་བརྗིད་ཉམས་ལྡན་ལ་འཁྲུག་ཆ་དོད་པོ་ཡོད།

    ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་ཕེབས་ནས་འབྲེལ་ཡོད་འདེམས་བསྐོའི་དོན་ཚན་གྱི་གསལ་བཤད་ཞིབ་ཕྲ་གསན་པ་དང་། ལས་དོན་པར་འདེམས་དམངས་ལག་ཁྱེར་ཞིབ་དཔྱད་བྱེད་པར་སྤྲད་གནང་ཞིང་། འདེམས་ཤོག་གཅིག་བཞེས་ནས་མཚན་འབྲི་སར་ནན་ཏན་ངང་མཚན་བྲིས་གནང་རྗེས་འདེམས་སྒམ་མདུན་དུ་ཕེབས་ནས་འདེམས་ཤོག་འཕངས་གནང་བ་རེད། 

    ཉིན་དེའི་ཕྱི་དྲོར། ལི་ཆང་གིས་གྲོང་ནུབ་ཆུས་ཝུན་ཅིན་ཁྲོམ་གཞུང་གི་འདེམས་ཁུལ་ཙེ་ཀོང་ཀེ་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་གནང་བ་དང་། ཀྲའོ་ལེ་ཅི་ཡིས་གྲོང་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་མི་དམངས་ཚོགས་ཁང་ཆེ་མོའི་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་གནང་བ། ཝང་ཧུའུ་ཉིང་གིས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་གནང་བ། ཚའེ་ཆི་ཡིས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་གནང་བ། ཏིང་ཤུའེ་ཞང་གིས་ཝུན་ཅིན་ཁྲོམ་གཞུང་འདེམས་ཁུལ་ཙེ་ཀོང་ཀེ་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་གནང་བ། ལི་ཞི་ཡིས་གྲོང་ཤར་ཆུས་ཐའེ་ཅི་བཟོ་གྲྭའི་འདེམས་ཁུལ་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་གནང་བ། ཧན་ཀྲེང་གིས་ལས་དོན་པར་མངགས་བཅོལ་གནང་ནས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་གནང་བ་རེད།

    ཧུའུ་ཅིན་ཐའོ་ཡིས་ལས་དོན་པར་མངགས་བཅོལ་གནང་ནས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ཀྱི་གོ་གནས་ལས་བབས་པའི་བློ་མཐུན་གྱིས་རང་རང་སོ་སོའི་འདེམས་ཁུལ་ཁག་ཏུ་འདེམས་ཤོག་འཕངས་པའམ་ཡང་ན་གཞན་ལ་འདེམས་ཤོག་འཕེན་རྒྱུའི་མངགས་བཅོལ་གནང་བ་རེད།

    ཚེས་6ཉིན། པེ་ཅིང་གྲོང་ཁྱེར་གྱིས་འདེམས་ཤོག་འཕེན་ས་ཁྱོན་13054བཙུགས་ཤིང་། འཁྲོལ་ཡོད་འདེམས་བསྐོ་བྱས་པ་བརྒྱུད་སྐབས་གསར་པའི་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་4898དང་ཤང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་11137ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།