མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཚན་རྩལ་གསར་གཏོད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅོ་ལྔ་པ”ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། ཞིང་ཆེན་ཚན་རྩལ་ཐིང་གིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་སོན་རྒྱུའི་ཐོན་ཁུངས་ཀྱི་འགག་སྒྲོལ་ལ་ཤུགས་རྒྱག་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་འགག་གནད་སེལ་བ། གཞི་རིམ་གྱི་འཐབ་ས་དང་པོ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་ལ་བརྟེན་ནས་ཞིང་འབྲོག་ལས་ཀྱི་གསར་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱ་རྒྱུ་རེད།
སོན་རྒྱུའི་ཐོན་ཁུངས་ནི་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྨང་གཞི་རེད། ཞིང་ཆེན་ཚན་རྩལ་ཐིང་གིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་དངོས་རིགས་ལ་དམིགས་ནས་སོན་རྒྱུའི་ཐོན་ཁུངས་ལ་གདེང་འཇོག་དབྱེ་ཞིབ་དང་ཕུལ་བྱུང་སོན་རྒྱུ་སྔོག་འདོན་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་ཚད་ལྡན་ཅན་དང་གྲངས་འཛིན་ཅན་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཡུན་རིང་བེད་སྤྱད་མེད་པའི་སྐྱེ་དངོས་ཐོན་ཁུངས་དག་ཐད་ཀར་སྤྱོད་ཆོག་པའི་སོན་རྒྱུར་གཞན་སྒྱུར་བྱས་ནས་ས་མཐོའི་ཞིང་འབྲོག་ལས་ཀྱི་སོན་གསོའི་ལས་རིགས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་རྒྱུ་རེད།
ས་མཐོའི་ཞིང་འབྲོག་ལས་ཀྱི་ལག་རྩལ་དཀའ་གནད་སེལ་རྒྱུ་ཡིན་ཞིང་། ཞིང་འབྲོག་ལས་ཀྱི་ལག་རྩལ་དཀའ་གནད་མང་པོ་ཞིག་ནི་ཞིང་ནང་དང་ནོར་ལུག་གསོ་ཚགས་ཀྱི་ལག་ལེན་ཁྲོད་ནས་ཐོན་པ་ཞིག་རེད། ཞིང་ཆེན་ཚན་རྩལ་ཐིང་གིས“ཐོན་ལས་ཀྱི་དཀའ་གནད་ཚན་རྩལ་གྱིས་སེལ་རྒྱུ”མུ་མཐུད་མཐའ་འཁྱོངས་བྱས་ཏེ། ས་མཐོའི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་ཚན་ཞིབ་འགག་སྒྲོལ་སྒྲིག་འཛུགས་བྱ་རྒྱུ་རེད། ལྗང་མདོག་ནུས་ཆེའི་ཐོན་སྐྱེད་ལ་དམིགས་ནས་རྨོ་ཞིང་ཞན་འགྱུར་ལེགས་བཅོས་དང་། འདེབས་གསོ་འཁོར་རྒྱུག ལྗང་མདོག་སྔོན་འགོག་ཚོད་འཛིན་བཅས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་། ལས་སྣོན་ཞིབ་ཚགས་བྱས་ནས་གནས་ཐང་འཕར་བར་དམིགས་ཏེ་ལས་སྣོན་གྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་རྫས་ཕལ་པ་རིན་ཐང་མཐོ་པོས་བེད་སྤྱོད་ཐུབ་པར་སྐུལ་འདེད་གཏོང་བ། རིག་ལྡན་ཞིང་འབྲོག་རིམ་སྤོར་ལ་དམིགས་ནས་ས་མཐོའི་ཆེད་སྤྱོད་ཞིང་འཕྲུལ་སྒྲིག་ཆས་དང་། གྲངས་འཛིན་ཅན་གྱི་དོ་དམ་ཚོད་འཛིན་དང་ཁུངས་འདེད་ལག་རྩལ་འགག་སྒྲོལ་བྱེད་པ་དང་ཆབས་ཅིག གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་སེ་མང་ཐཱན་འདུས་སོགས་ལག་རྩལ་གསར་པའི་དཔེ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དངོས་ཡོད་འཇུར་མིག་ཕྱོགས་ཡོངས་ནས་བསལ་ཏེ་ལྗང་མདོག་སྐྱེ་ལྡན་འཕེལ་རྒྱས་ཀྱི་ལག་རྩལ་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།
ཞིང་འབྲོག་ཚན་རྩལ་ཞབས་ཞུའི་མདུན་གྲལ་ས་ཚིགས་སྟོབས་ཆེར་གཏོང་རྒྱུ་ཡིན་ཞིང་། ད་ལོ་མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་ཆེད་མངགས་པ་1010མངགས་ནས་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས་114བཙུགས་ཏེ་རིམ་རྩིས་བརྒྱབ་ན་ཚན་རྩལ་ཁང་ཆུང་20གཏན་འཁེལ་བྱས་ནས་ཚན་རྩལ་ཆེད་མངགས་པ་དང་། ལས་དོན་ས་ཚིགས། ཚན་རྩལ་ཁང་ཆུང་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་གྱི་ཚན་རྩལ་ཞབས་ཞུའི་སྒྲོམ་གཞི་བསྐྲུན་པ་རེད། ཞིང་ཆེན་ཚན་རྩལ་ཐིང་གིས་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་ཁང་ཆུང་དང་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས་སོགས་འཐབ་ས་དང་པོའི་གཞི་རྟེན་སྟོབས་ཆེར་གཏོང་བ། ཚན་རྩལ་ཆེད་དོན་རྣམ་གྲངས་ལེ་ལག་ཚང་བའི་ངང་ལག་བསྟར་ཡག་པོ་བྱེད་པ། ཚན་ཞིབ་ཞིབ་འཇུག་བྱ་གཞི་འབྲོག་ར་དང་ཞིང་ནང་དུ་ཐད་ཀར་འཛུགས་པ། ཚན་ཞིབ་ཁང་དང་། ཆེད་མངགས་པ། ཁེ་ལས། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི་མཐུན་སྦྱོར་གསར་གཏོད་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཚན་རྩལ་གསར་གཏོད་ཀྱིས་ཞིང་འབྲོག་ཁུལ་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།
འབྲེལ་ཡོད་གསར་འགྱུར།