དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ་2026ལོ》དང《འཛམ་གླིང་གི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ་2026ལོ》རྒྱབ་ཤ་སྔོན་པོའི་དེབ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-07

    《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ་2026ལོ》དང《འཛམ་གླིང་གི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ་2026ལོ》རྒྱབ་ཤ་སྔོན་པོའི་དེབ་2026ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཐོག་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་དེ་ནི་ཀྲུང་གོ་དྲ་རྒྱའི་བར་མཐོངས་ཞིབ་འཇུག་ཁང་གིས་སྣེ་ཁྲིད་ནས་རྩོམ་འབྲི་བྱས་པ་ཞིག་རེད། རྒྱབ་ཤ་སྔོན་པོའི་དེབ་དེ་ལོ་བཅུ་བསྟུད་མར་གོ་ལ་ཧྲིལ་པོར་དམིགས་ནས་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་ཞིང་། དེ་ནི་འཛམ་གླིང་གི་དྲ་སྦྲེལ་ཚོགས་ཆེན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།

    《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ་2026ལོ》 ནང་ལོ་གཅིག་རིང་རང་རྒྱལ་གྱི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཐད་ཐོབ་པའི་འཕེལ་རིམ་གལ་ཆེན་ཕྱོགས་ཡོངས་ནས་མངོན་པ་དང་མི་ཐབས་རིག་ནུས་ཀྱི་སྲིད་ཇུས་བཟོ་བ་དང་། ལས་རིགས་བཀོལ་སྤྱོད། ཐོན་ལས་སྐྱེ་ཁམས། དེ་བཞིན་བདེ་འཇགས་བཅོས་སྐྱོང་སོགས་ཐད་ཀྱི་ཀྲུང་གོའི་འཕེལ་རྒྱས་གསར་པ་མངོན་ཡོད།

    《འཛམ་གླིང་གི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ་2026ལོ》ནང་འཛམ་གླིང་གི་དྲ་སྦྲེལ་འཕེལ་རྒྱས་གནས་ཚུལ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ནས་གོ་ལ་ཧྲིལ་པོས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་ཕན་འབྲས་གསར་ཤོས་དང་དེ་བཞིན་མཚོན་བྱེད་རང་བཞིན་གྱི་རྒྱལ་ཁབ་དང་ས་ཁུལ་གྱི་དྲ་སྦྲེལ་འཕེལ་རྒྱས་ཀྱི་གནས་ཚུལ་བརྗོད་དེ་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།