2026ལོའི“རྒྱུད་གཅིག་ལམ་གཅིག”གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་འཚོགས་པ།
ཉེ་ཆར། 2026ལོའི“རྒྱུད་གཅིག་ལམ་གཅིག”གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞན་ཧུའེ་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་ཀྲུང་གོས་གྲོས་འགོ་བཏོན་པ་ནས་རྒྱལ་སྤྱིས་ལག་ལེན་བྱེད་པའི་བར་འཕེལ་རྒྱས་ཕྱིན་ཏེ། དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་། ཁྱབ་རྒྱ་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལས་སྟེགས་སུ་གྱུར་ཡོད་ཅེས་བརྗོད་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས། རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱིས་ཐུན་མོང་ཐོག་དར་གོས་ལམ་བུའི་གཏམ་རྒྱུད་ཡག་པོ་བཤད་དེ་སྲིད་ཇུས་འབྲེལ་མཐུད་དང་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་མཁན་དང་། དར་གོས་ལམ་བུའི་གཏམ་རྒྱུད་ཟིན་ཐོར་འགོད་མཁན་དང་ཁྱབ་སྤེལ་གཏོང་མཁན། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་མཁན་དང་སྲུང་སྐྱོང་བྱེད་མཁན་བཅས་ཡག་པོ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ནི་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“འདོད་ཕྱོགས་གཅིག་མཐུན་རི་ཀླུང་བརྒལ། དར་གོས་ལམ་བུར་མཉམ་དུ་འཛོམས”ཞེས་པ་དེ་རེད། རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་100དང་སྨྱན་སྦྱོར་དང་སྒྲིག་གཞི་182ཀྱི་ཕྱི་ཕྱོགས་འཐུས་མི་200ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།