“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ཉིང་པོ”ཡི་བྱེད་སྒོ་གཙོ་བོ་སྤེལ་བ།
ཟླ་11ཚེས་2ནས་5ཉིན་བར།“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ཉིང་པོ”ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དུ་སྤེལ་བ་རེད། ཚེས་3ཉིན་གྱི་ཕྱི་དྲོའི་བྱེད་སྒོ་གཙོ་བོར་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཧྲི་ཀྲང་གིས“སྒོ་དབྱེ་མཉམ་འདྲེས། གོ་སྐབས་མཉམ་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གྲོང་ཁྱེར་གྱི་ཁྱད་ལྡན་ལེགས་ཆ་མཉམ་སྤྱོད་དང་། སྒོ་དབྱེ་མཉམ་ལས་ལྷུག་པོར་གླེང་ཞིང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་གླེང་ཡོད།
ད་ཐེངས་ཀྱི་བྱེད་སྒོར་བྱེད་སྒོ་གཙོ་བོ་གཅིག་དང་། ཡུལ་རྣམ་གླེང་མོལ་གཉིས། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་བྱེད་སྒོ་གསུམ་བཅས་བཀོད་སྒྲིག་བྱས་ཡོད། ཉིང་པོ་གྲོང་ཁྱེར་དང་། ནེའུ་ཙི་ལན་གྱི་ཨའོ་ཁེ་ལན་གྲོང་ཁྱེར། ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་ཞིང་ཆེན། མར་ཏི་ཝེའི་ལ་མུའུ་སྐོར་བྲག ཧྥ་རན་སེའི་ཧྲེང་ཨའེ་ཏི་ཨན—ཏི་ལུའུ་ཧྥུའུ་ལའེ་གྲོང་ཁྱེར། མོ་རོ་ཁོའི་ལ་ཤིས་ཏི་ཡེ་གྲོང་ཁྱེར་སོགས་གྲོང་ཁྱེར་གྱི་ཧྲི་ཀྲང་གིས“ཁྱད་ལྡན་ལེགས་ཆ་དང་གྲོང་ཁྱེར་རྒྱལ་སྤྱི་ཅན”དང་། “སྒོ་དབྱེ་མཉམ་ལས་དང་གྲོང་ཁྱེར་འཕེལ་རྒྱས” “མི་ཆོས་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་མཐུན”བཅས་ཀྱི་གྲོས་གཞིར་དམིགས་ནས་གླེང་མོལ་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། མཉམ་ལས་རྣམ་གྲངས་14ལ་གཅིག་སྡུད་ཐོག་གན་རྒྱ་བཞག་ཅིང་། དེ་དག་མཛའ་གྲོགས་སྤེལ་རེས་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། ཚན་རྩལ་སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད། དེའི་ནང་ཉིང་པོ་གྲོང་ཁྱེར་དབྱིན་ཀྲོའུ་ཆུས་དང་ཧྥ་རན་སེའི་ཧྲེང་ཨའེ་ཏི་ཨན—ཏི་ལུའུ་ཧྥུའུ་ལའེ་གྲོང་ཁྱེར། ཉིང་པོ་ཡུས་ཡའོ་གྲོང་ཁྱེར་དང་མོ་རོ་ཁོའི་ལ་ཤིས་ཏི་ཡེ་གྲོང་ཁྱེར་དབར་མཛའ་གྲོགས་སྤེལ་རེས་ཀྱི་འབྲེལ་བ་བཙུགས་པ་རེད།
བྱེད་སྒོ་དང་དུས་མཚུངས་སུ་འགྲེམས་བསྒྲགས་བྱས་པའི《མཉམ་ལས་འཕེལ་རྒྱས་ཀྱི་ཉིང་པོའི་ཐུན་མོང་ངོས་འཛིན》ནང་སྒོ་དབྱེ་མཉམ་འདྲེས་མཐའ་འཁྱོངས་བྱེད་པ་དང་། མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། རྒྱུ་རྐྱེན་གཙོ་བོ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་དང་ནུས་ཆེའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་གཏོང་བརྟན་པོ་ཐུབ་པར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་དང་། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་གྱི་ལེགས་ཆ་དང་བལྟོས་བཅས་ཀྱི་ལེགས་ཆར་གཞི་ཚུགས་ནས། ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པ། མི་ཆོས་རིག་གནས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། རིག་གནས་དང་། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་མི་དམངས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཟབ་ཏུ་གཏོང་དགོས་པ་བཅས་བཏོན་ཡོད།
ཤེས་རྟོཌ་བྱུང་བར་གཞིཌ་ན། “འཛམ་གླིང་ཧྲི་ཀྲང་གི་གླེང་མོལ”གྱི་དམིགས་ཡུལ་ནི་ཀྲུང་གོའི་གྲོང་ཁྱེར་སྐར་ཁུང་དུ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ་གྲོང་ཁྱེར་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། ད་ཐེངས་ཀྱི་བྱེད་སྒོར་ཧྥ་རན་སེ་དང་། དབྱི་ཐ་ལི། ནེའུ་ཙི་ལན་སོགས་རྒྱལ་ཁབ་15ཡི་གྲོང་ཁྱེར་20ཡི་ཧྲི་ཀྲང་དང་ཧྲི་ཀྲང་གི་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་གན་ཆིངས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།