ཧྲན་ཏུང་ཆིང་ཏའོ་ཡི་རྒྱལ་སྒྲོལ་དྲ་ཚོང་གི་ཟོག་འདྲེན་གྲུ་གཟིངས་གྲུ་ཁ་ནས་མགྱོགས་མྱུར་ཐོན་པ།

“བཅུ་གཅིག་ཟུང”འཆར་ཉེའི་མཚམས་སུ། ཀྲུང་གོ(ཧྲན་ཏུང)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཆིང་ཏའོ་ཡུག་ཁུལ་དང་། ཆིང་ཏའོ་འགག་སྒོ་ལས་ཁུངས། ཧྲན་ཏུང་གྲུ་ཁའི་ཆིང་ཏའོ་གྲུ་ཁ་བཅས་ཀྱིས་མཉམ་ལས་མཉམ་འགུལ་གཏིང་ཟབ་བྱས་ནས་རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་མང་བའི་དུས་ཚིགས་ལ་དམ་འཛིན་བྱེད་བཞིན་ཡོད། འདི་ནི་ཟླ་11ཚེས་5ཉིན། ཆིང་ཏའོ་རང་མོས་ཚོང་དོན་ཡུག་ཁུལ་དུ་ཟོག་འདྲེན་གྲུ་གཟིངས་མང་པོས་དངོས་ཟོག་འདོན་འཇུག་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།