ཀྲུང་ཧན་ཚན་རྩལ་གསར་གཏོད་སྤེལ་རེས་ཚོགས་ཆེན་ཧྲོའར་དུ་འཚོགས་པ།
ཉེ་ཆར། ཧན་གོའི་ཧྲོའར་དུ“རིག་ནུས་སྦྲེལ་མཐུད། གསར་གཏོད་མཉམ་སྤྱོད”ཅེས་པའི་ཀྲུང་ཧན་ཚན་རྩལ་གསར་གཏོད་སྤེལ་རེས་ཚོགས་ཆེན་འཚོགས་ཤིང་། ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏའེ་པིང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཐའོ། ཧན་གོའི་ཧྲོའར་གསར་འགྱུར་ཁང་གི་ཧྲེ་ཀྲང་ཅིན་ཤིང་ཀྲུའུ། ཧན་གོའི་རྒྱལ་ཚོགས་ཀྱི་ཧན་ཀྲུང་གྲོས་མིའི་མནའ་འབྲེལ་གྱི་ཚོགས་གཙོ་ཅིན་ཐའེ་ཉན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུང་ཧན་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལས་རིགས་དང་དེ་བཞིན་ཚན་རྩལ་དང་། ཐོན་ལས། རིག་གཞུང་། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྐུ་མགྲོན་120ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ཚོགས་ཆེན་ཐོག་མི་ཐབས་རིག་ནུས་དང་། གཟུགས་ཅན་རིག་ནུས། རྩེར་སོན་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་དང་ལས་རིགས་བརྒལ་བའི་ལག་རྩལ་མཉམ་འདྲེས་ལ་དམིགས་ཏེ་ཀྲུང་ཧན་མཉམ་ལས་ཀྱི་ཐབས་ལམ་གསར་པར་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས། ད་ཐེངས་ཀྱི་ཚོགས་ཆེན་གྱིས་ཀྲུང་ཧན་དབར་གྱི་ཚན་རྩལ་དང་། ཐོན་ལས། རིག་གཞུང་། སྨྱན་སྦྱོར་བཅས་ལས་རིགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པའི་ལས་སྟེགས་བསྐྲུན་པ་དང་། འབྱུང་འགྱུར་ཕྱོགས་ཁག་གིས་མུ་མཐུད་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་སྤེལ་རེས་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧན་དབར་གྱི་དངོས་སྒྲུབ་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།