དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུའི་སྲིད་དོན་ཞབས་ཞུ་འབྲོག་ཁུལ་དུ་ཁྱབ་པ།

    “དགོས་མཁོ་ཡོད་ཚེ་འཕྲལ་དུ་སྒྲུབ་པའི”ཞབས་འདེགས་ཞུ་ཐེངས་ཁྲི་19.8ཟིན་པ་དང་ས་ཡུལ་དངོས་སུ་སྒྲུབ་གཉེར་བྱེད་ཚད་73.4%ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-07

    ལག་ཐོགས་ཁ་པར་ནས་དོན་དག་བསྒྲུབ་རྒྱུ་སྔོན་མངགས་ཐུབ་པ་དང་། ལག་ཁྱེར་གཉེར་ཚར་རྗེས་རིན་མེད་ངང་ཁྱིམ་དུ་བསྐུར་བ་སོགས། 2026ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་ས་མཐོའི་འབྲོག་ཁུལ་གྱི་སྲིད་དོན་ཞབས་ཞུའི་ཞན་ཆར་དམིགས་ནས། རིམ་བཞིའི་སྒྲུབ་རོགས་དང་ཚབ་སྒྲུབ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་ཕན་ཞབས་ཞུའི་བྱ་ཐབས་གསར་གཏོད་བྱས་ཏེ། སྲིད་དོན་ཞབས་ཞུ་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སྒྲུབ་རོགས་དང་ཚབ་སྒྲུབ་ཞབས་འདེགས་ཞུ་ཐེངས་ཁྲི་18.6ལྷག་ཙམ་ཟིན་པ་དང་། “དགོས་མཁོ་ཡོད་ཚེ་འཕྲལ་དུ་སྒྲུབ་པའི”ཞབས་འདེགས་ཞུ་ཐེངས་ཁྲི་19.8ཟིན་ཏེ། ས་ཡུལ་དངོས་སུ་སྒྲུབ་གཉེར་བྱེད་ཚད་73.4%ཟིན་པ། འབྲོག་ཁུལ་དུ་ཐོན་མང་བའི་དོན་དག་སྒྲུབ་པའི་དུས་ཡུན་40%ཐུང་དུ་བཏང་བ། སྔ་སྣུར་དུ་སྒྲུབ་གཉེར་བྱེད་ཚད་95%ཟིན་ཡོད་པ་རེད།

    འབྲོག་ཁུལ་དུ་དྲ་རྒྱ་ཁྱབ་ཚད་ཞན་པ་དང་། རྒན་རྒོན་གྱིས་བཀོལ་སྤྱོད་བྱེད་དཀའ་བ། སྡོད་གནས་ཁ་ཐོར་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ནག་ཆུ་གྲོང་ཁྱེར་གྱིས་དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་ཞབས་འདེགས་ཞུ་སྟངས་ཁྱབ་གདལ་བཏང་ཡོད་པ་སྟེ། དྲ་ཐོག་ཏུ་བོད་ཀྱི་སྲིད་དོན་ཞབས་ཞུའི་དྲ་བར་བརྟེན་ནས“དྲ་ཐོག་ནས་སྒྲུབ་གཉེར་དང་སྦར་མཐིལ་ནས་སྒྲུབ་གཉེར”བྱེད་རྒྱུ་ཁྱབ་གདལ་བཏང་བ་དང་། དྲ་ཕྱིར་སྐོར་སྐྱོད་ཞབས་ཞུའི་རུ་ཁག་གིས་འབྲོག་ཁུལ་གྱི་དབྱར་རྩྭ་དགུན་འབུ་འཐུ་ས་དང་དམངས་སྲོལ་བྱེད་སྒོ་སྤེལ་ཡུལ་སོགས་སུ་བསྐྱོད་ནས་གནས་སྐབས་ཞབས་ཞུའི་ས་ཚིགས་བཙུགས་ཏེ“དགོས་མཁོ་ཡོད་ཚེ་འཕྲལ་དུ་སྒྲུབ་པའི”ཞབས་ཞུ་དང་སྒོ་རྩར་སྐྱོད་པའི་དམངས་ཕན་ཞབས་འདེགས་ཞུས་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་གྱིས་ད་དུང་ཐག་རིང་ལུང་ཁུག་མང་ཚོགས་དོན་དག་སྒྲུབ་པར་ལམ་ཐག་རིང་བ་དང་དུས་ཚོད་རིང་པོ་དགོས་པའི་གནད་དོན་ལ་དམིགས་ཏེ། བརྒྱུད་རིམ་ཧྲིལ་པོར་ཚབ་སྒྲུབ་དང་དོན་གཉེར་བྱེད་འབྲས་རིན་མེད་དུ་བསྐུར་བའི་གདུབ་ཟུམ་ཞབས་ཞུའི་ལམ་སྲོལ་བཙུགས་པ་མ་ཟད། རྒྱུན་རྣམ་ཅན་གྱི་སྒོ་ནས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལ་སྤྱི་ཚོགས་འགན་སྲུང་དང་། སྨན་བཅོས་འགན་བཅོལ། ཐེམ་ཐོ་དང་ལག་ཁྱེར་སོགས་དགོས་མཁོ་ཆེ་བའི་དོན་དག་ཚབ་སྒྲུབ་ཀྱང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།