ལོ་རྒྱུས་ཀྱིས་འབྱུང་འགྱུར་གསལ་སྟོན་དང་འབད་འཐབ་ཀྱིས་བྱ་གཞག་རླབས་ཆེན་གཏོད་དགོས།
—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཏང་ཡོངས་ཀྱིས“སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་སྟོབས་བརྩོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི”འབོད་སྐུལ་བྱས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ལ་སྟངས་འཛིན་ཡང་དག་བྱས་ནས《ཆོད་དོན》གྱི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཏན་ཏིག་བྱེད་དགོས།
རྒྱང་ལམ་གསར་པར་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་རྒྱུན་ཆད་མེད་པར་ཇི་ལྟར་གཏོད་དགོས་ཞེ་ན། དེའི་འགག་རྩ་ནི་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ“ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ། ཏང་གི་ཕུལ་བྱུང་ཁྱད་ཆོས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ་རང་རེའི་ཏང་འདི་ཉིད་དེ་བས་ལེགས་པ་དང་དེ་བས་སྟོབས་ཆེར་གཏོང་དགོས།
ཏང་གི་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྐང་འཛིན་སྟོབས་ཤུགས་ཡིན་པ་དང་། ཏང་གི་རིམ་ཁག་རྩ་འཛུགས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོ་ཡིན་ཞིང་། དེའི་ཁྲོད་ནས《ཆོད་དོན》གྱི་དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་སྔར་ལས་གཏིང་ཟབ་ཆུད་ཐུབ།
ཏང་གིས་ཏང་ལ་དོ་དམ་བྱེད་པར་དང་ཐོག་ལས་བྱེད་པར་དོ་དམ་ཡག་པོ་བྱེད་དགོས་པ་དང་། ཏང་ནན་པོས་སྐྱོང་བར་འགག་རྩ་ནི་དཔོན་རིགས་ནན་པོས་སྐྱོང་རྒྱུ་དེ་ཡིན། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལས་བྱེད་པར་དོ་དམ་ནན་པོ་བྱ་རྒྱུ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་ཐུབ་པར་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་བཟང་པོ་འབོར་ཆེན་ཞིག་དུས་ཐོག་ཏུ་ཤེས་རྟོགས་དང་སྤྱོད་ཐུབ་པར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེས་གཞི་རྩའི་ཆ་ནས་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་ཐུབ་པ་མ་ཟད། ལས་བྱེད་པ་བཟང་པོའི་ཚད་གཞི་ཡོད་པར་གྱུར་ནས་ཚང་མའི་ལས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་སྔར་བས་འཕེལ་ཡོད་ཅེས་བརྗོད་ཀྱི་ཡོད།
“ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་ནན་པོ་སྲུང་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས” 《ཆོད་དོན》ནང་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་པར་དམིགས་ནས་བཀོད་སྒྲིག་གལ་ཆེན་བྱས་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཐེག་པ་ཁུར་ལེན་དང་བྱས་རྗེས་འཇོག་པར་སྐུལ་བའི་ནང་སྐྱེས་ཀྱི་གཅིག་གྱུར་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་བཙུགས་ནས་ལག་ལེན་བསྟར་བ། ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།
དཔལ་འབྱོར་བརྟན་གཏོང་དང་། འཕེལ་རྒྱས་ལ་སྐུལ་འདེད། དབུལ་ཕོངས་ལས་སྒྲོལ་བ། འབྱོར་འབྲིང་སྐྲུན་པ་བཅས་དང་། དེ་བཞིན་རིམས་ནད་ཚོད་འཛིན་དང་། གནོད་འཚེ་སེལ་བ། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ཉེན་ཁ་སེལ་བ་སོགས་དུས་རབས་གསར་པ་ཤར་ཚུན་དུ། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དམག་འཐབ་མང་པོ་ལས་རྣམ་པར་རྒྱལ་ཐུབ་པ་དང་བྱས་རྗེས་ངོ་མཚར་ཅན་མང་པོ་གཏོད་ཐུབ་པའི་རྒྱུ་མཚན་ནི། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག ཏང་ཡོངས“སྲ་ཞིང་བརྟན་པའི་ངར་ལྕགས”ལྟར་མཐུན་སྒྲིལ་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་རྒྱལ་ཁ་ལེན་ཐུབ་པའི་ལེགས་ཆར་རྒྱུན་ཆད་མེད་པར་བསྒྱུར་བ་ལས་བྱུང་བ་ཞིག་རེད།
ཏང་གི་ཕྱོགས་ཡོངས་འགོ་ཁྲིད་དང་ཏང་གི་ལས་དོན་ཡོངས་ནི་ཏང་གི་སྲ་ཞིང་བརྟན་པའི་རྩ་འཛུགས་མ་ལག་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། ད་ཆ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའམ་ཡང་ན་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རླུང་འཚུབ་དྲག་པོ་ལྟ་བུའི་ཕྱིའི་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་འཇལ་བ་གང་ཡིན་རུང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་ཆེ་རུ་བཏང་ནས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་གོང་འོག་མཐུན་སྦྱོར་དང་གནད་སྨིན་ཕན་ཆེ་ཡོང་བའི་འགན་ལེན་བྱེད་དགོས།
《ཆོད་དོན》ནང་དུ། གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་དམ་པོར་དམིགས་ནས་བཀོད་སྒྲིག་གལ་ཆེན་བྱས་ཡོད། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་ལེན་ནན་ཏན་བསྟར་བ་དང་། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བ། ཏང་གི་རིམ་ཁག་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་བ། རིམ་ཁག་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཚེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་ཐུབ་ངེས་རེད།
ལོ་རྒྱུས་ཡུན་རིང་བརྒྱུད་ནས་མི་རིགས་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ད་ཆའི་ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་སྡུག་སྣ་ཚོགས་བརྒྱུད་ཀྱང་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་ཅི་ཡང་མ་བཏང་བར་དམིགས་ཚད་གཏན་འཁེལ་གྱིས་བློ་སྤོབས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། གསར་བརྗེའི་སྔོན་བྱོན་པ་གྲངས་མེད་ཀྱིས་དེའི་དོན་དུ་རང་སྲོག་བློས་བཏང་ནས་འབད་འཐབ་བྱས་པའི་བརྗིད་ཆེའི་བྱ་གཞག་ད་ཆ་མངོན་འགྱུར་ཡོང་བཞིན་ཡོད།
རྒྱང་ལམ་གསར་པའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། རྒྱུགས་སྤྲོད་ལམ་བུའི་ཐོག་ནམ་ཡང་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ཚེ། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།