དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྲི་དབྱི་ཆི།   |     སྤེལ་དུས།  2026-11-07

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི《ཆོད་དོན》ནང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྒྲིག་བྱེད་དགོས་ཞེས་བཏོན་ཡོད།

    ཟླ་10ཚེས་22ཉིན། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། ད་ལོའི་ལོ་འགོར་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས”ཞེས་གསུངས་པ་རེད།

    “མི་དམངས་མང་ཚོགས་ཀྱིས་གང་ཞིག་ལ་ངོ་རྒོལ་དང་གང་ཞིག་ལ་འཁོན་འཛིན་བྱས་ན་ང་ཚོས་དེར་འགོག་ཟོན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས” དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཉེ་འགྲམ་དུ་ཡོད་པ་དང་དྲང་སྙོམས་དྲང་བདེན་ཉེ་འགྲམ་དུ་ཡོད་པ་དངོས་འབྲེལ་ཚོར་ཐུབ་པ་བྱས་ཡོད།

    བཅོས་སྒྲིག་གཏིང་ཟབ་བྱེད་རིང་། དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་ཞུན་བརྡར་བྱས་ནས“མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པར་བྱེད་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། སེམས་ཁྲལ་བྱེད་ས། རེ་སྒུག་བྱེད་ས་བཅས་ལ་བསྟུན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། མང་ཚོགས་ལ་བསམ་འཆར་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་གསུངས་པ་རེད།

    ཞིང་ལས་ཐོན་སྐྱེད་ཐད་ཀྱི་ངན་རུལ་གྱི་གནད་དོན་གྱིས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞིར་གཏོར་སྐྱོན་གཏོང་བ་དང་ཞིང་པའི་ཐོབ་སྣང་ལ་གནོད་འཚེ་གཏོང་གི་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་གནང་གི་ཡོད།

    ཟླ་6ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། “ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལོ་ལྟར་མ་དངུལ་འབོར་ཆེན་བཏང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། སྤུས་ཚད་འགན་ལེན་བྱས་ནས་རྒྱ་ཆེའི་ཞིང་པར་དངོས་འབྲེལ་ཕན་པ་ཐོབ་པ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    2024ལོ་ཚུན་དུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་གི་ལས་དོན་རྒྱུན་མཐུད་དང་གཏིང་ཟབ་སྤེལ་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ནི་གཙོ་གནད་ཐོག་དོ་ཁུར་བྱེད་པའི་ཁྱབ་ཁོངས་ཀྱི་གྲས་ཤིག་ཡིན་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་འབེན་གཏད་བཅོས་སྒྲིག་མཐའ་འཁྱོངས་བྱས་ཏེ། གཞི་རིམ་གྱིས་ཕན་འབྲས་དངོས་ཐོན་པའི་ཐད་ཤུགས་མང་ཙམ་རྒྱག་པ་དང་ཕྱི་ཚུལ་ཙམ་གྱི་ཐད་བསམ་བློ་ཉུང་ཙམ་གཏོང་བར་སྐུལ་འདེད་བཏང་བ་རེད།

    “ཚུལ་མིན་སྤྱོད་ཚུལ་ང་ཚོ་དང་བར་ཐག་ཇི་ཙམ་རིང་ན་མང་ཚོགས་ང་ཚོ་དང་བར་ཐག་དེ་ཙམ་ཉེ་བ་ཡོང་སྲིད” “རྒྱང”དང“ཉེ”ཡི་རྩོད་སྒྲུབ་ཀྱི་འབྲེལ་བར་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་འདུས་པ་དང་། དེ་ལས་རང་རེའི་ཏང་གིས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་གང་ཞིག་ཤེས་རྟོགས་བྱུང་མ་ཐག་བཅོས་སྒྲིག་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    གྲོང་གསེབ་ཀྱི་མཉམ་སྡེབ་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་འགག་སྒྲོལ་བཅོས་སྒྲིག་བྱས་པ་དང་། “སློབ་གྲྭའི་ཟ་ཁང”གི་དོ་དམ་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱས་པ། རྒན་གསོ་ཞབས་ཞུའི་ཁྱབ་ཁོངས་ཀྱི་གནད་དོན་དག་ཐེར་ཤུགས་ཆེན་བྱས་པ་ལ་སོགས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་པ་དང་དཀའ་གནད་རེ་རེ་བཞིན་བསལ་ཏེ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་དོ་སྣང་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་ཁེ་ཕན་གནད་དོན་ནས་དམ་འཛིན་བྱས་ཏེ། དམངས་འཚོའི་ཁྱབ་ཁོངས་ཀྱི“རུལ་སུངས་ཆུང་གྲས”དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་ལ་འགོག་རྐྱེན་བཟོ་བའི“བཀག་རྡོ”གྲལ་བཤེར་བཅོས་སྒྲིག་བྱས་ཡོད། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་ཚུན། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲི་652.3ཡོ་བཅོས་བྱས་ཡོད།

    མང་ཚོགས་ཉེ་འགྲམ་དུ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མང་བ་དང་། ཁྱབ་རྒྱ་ཆེ་བ། ཐོན་སླ་བ་བཅས་ཡིན་པས། ངེས་པར་དུ་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་མུ་མཐུད་བཅོས་སྒྲིག་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངན་རུལ་མཉམ་བཤེར་མཉམ་བཅོས་གཏིང་ཟབ་བྱས་ཏེ‘སྤྱོད་ངན’གྱི་སྣང་ཚུལ་བརྒྱུད‘རུལ་སུངས’ཀྱི་ངོ་བོ་འབྱེད་དགོས”ཞེས་གསུངས་ཡོད། སྤྱོད་བརྟག་རུལ་བཤེར་དང་རུལ་འགོག་སྲོལ་བཅོས་ཕྱོགས་གཉིས་ནས་ཤུགས་རྒྱག་པ་དང་། ཕྱོགས་མཚུངས་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཚེ་གཞི་ནས་སྤྱོད་ངན་དང་རུལ་སུངས་ཀྱི་བརྒྱུད་འདྲེན་སྦྲེལ་ཐག་རྩ་གཅོད་བྱེད་ཐུབ།

    ཕྱོགས་གཅིག་ནས“སྤྱོད་ཚུལ་བཞིའི”རྒྱབ་ཀྱི་ཚོགས་པ་དང་། མངག་བཅོལ་ལས་སྒྲུབ། ཁེ་ཕན་སྤྲོད་རེས་སོགས་ཀྱི་གནད་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ“སྤྱོད་ངན”གྱི་སྣང་ཚུལ་མངོན་པ་བརྒྱུད“རུལ་སུངས”དམར་རྗེན་དུ་སྟོན་དགོས། ཕྱོགས་གཞན་ཞིག་ནས་རུལ་སུངས་ཀྱི་གྱོད་གཞི་ལས་མངོན་པའི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། ཁྱབ་ཁོངས་རང་བཞིན་བཅས་ཀྱི་སྤྱོད་ཚུལ་གྱི་གནད་དོན་ལ་དམིགས་ནས། “མཉམ་བཅོས”ཀྱིས་ངན་རུལ་གྱི་ཐུན་མོང་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོ་དགོས།

    “བརྟག་བཤེར”དང“བཅོས་སྒྲིག”དེ་ངན་རུལ་རིམ་འགྱུར་འགོག་པའི་ནང་ཁྱབ་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་གཞི་རིམ་དུ་སྣུར་སྲིང་རྒྱུན་ཆད་མེད་པར་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཐུབ་པ་བཅས་བྱས་ནས། ཏང་གིས་ཡུན་རིང་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་དགོས།

    དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྲིག་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་ཏང་ཨུད་དང་ལྷག་པར་དུ་གྲོང་ཁྱེར་དང་རྫོང་ཏང་ཨུད་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་རྣམ་ཅན་གྱིས་དམ་འཛིན་བྱེད་དགོས་པའི”བླང་བྱ་ཁ་གསལ་བཏོན་གནང་ཡོད།

    ད་ལོ་ནི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་འགག་སྒྲོལ་ཐག་གཅོད་དམག་འཐབ་ཀྱི་ལོ་ཞིག་ཡིན། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ནི་འགག་སྒྲོལ་ཐག་གཅོད་དམག་འཐབ་རྒྱག་པའི་ཁ་ཕྱོགས་དང་དམིགས་ཚད་ཀྱི་གྲས་ཤིག་རེད།

    “ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཆ་རྐྱེན་མེད་པ་བཟོ་བའི་ཐད་མུ་མཐུད་ཤུགས་རྒྱག་པ་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས”དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་འཇུག་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་རྒྱང་རིང་པོས་གསུངས་ཡོད།

    ལམ་ལུགས་ཀྱིས་དབང་ཆ་བཅོས་སྒྲིག་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་དགོས། གཅིག་སྡུད་བཅོས་སྒྲིག་ནི་འགག་སྒྲོལ་ཐག་གཅོད་དམག་འཐབ་ཀྱི་ཕར་རྒོལ་དྲག་པོ་ཞིག་ཡིན་པ་མ་ཟད། ཕུགས་ཕན་བཅོས་སྒྲིག་གི་འཐབ་ཇུས་བསམ་གཞིག་ལ་དེ་བས་བརྟེན་ནས“སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”གཅིག་གྱུར་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི“གནད”ནས་འགོ་བཙུགས་ཏེ་མ་ལག་བཅོས་སྒྲིག་གི“ཁྱོན”ཟབ་ཏུ་དང་རྒྱ་ཆེར་བཏང་ནས། ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ཕྱོགས་སྡོམ་དང་གཏན་འགྱུར་བྱེད་པར་སྣང་ཆེན་བྱེད་དགོས།

    “ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་མི་དང་བྱ་བ་དང་ཚུལ་མིན་སྤྱོད་ཚུལ་བཅས་ཐོན་མ་ཐག་འཕྲལ་དུ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། གནད་དོན་ཡང་སེ་ཐོན་པར་དག་ཐེར་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་བསྐྱར་ལོག་མི་ཐེབས་པ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་པོ་གསུངས་པ་རེད།

    རྒྱང་ལམ་གསར་པར། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་སྤེལ་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཚེ། ང་ཚོར་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།