དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨོ་སི་ཁྲུ་ལི་ཡ་ཡིས་རང་རྒྱལ་གྱི་བོར་བརླག་སོང་བའི་རིག་དངོས་2ཕྱིར་རྩིས་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-06

    ཉེ་ཆར། ཀྲུང་གོ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཁན་པེ་རར་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་མཛེས་རྩལ་ཁང་ནས་ཕྱིར་རྩིས་སྤྲད་པའི་ཀྲུང་གོའི་བོར་བརླག་སོང་བའི་རིག་དངོས་2རྩིས་བླངས་པ་རེད། ཀྲུང་གོ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ཝུའེ་དང་། ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཅིང་སུང་། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་མཛེས་རྩལ་ཁང་གི་ཀོན་ཀྲང་ཉི་ཁེ·སྨི་ཚའེ་ཝུའེ་ཆི་སོགས་ཕྱིར་སློག་རྩིས་ལེན་གྱི་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་ཚོང་དོན་པུའུ་དང་རྒྱལ་ཕྲན་མཉམ་འབྲེལ་སྒྱུ་རྩལ་པུའུ་སོགས་འབྲེལ་ཡོད་སྒྲིག་གཞིའི་འཐུས་མི་མཛད་སྒོར་ཞུགས་པ་རེད།

    ཀྲུང་གོ་ཕྱོགས་ནས་བརྗོད་དོན། བོར་བརླག་ཏུ་སོང་བའི་རིག་དངོས་དག་སྔར་བདག་རྒྱལ་ཁབ་ལ་ཕྱིར་སློག་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཁག་གི་རིག་དངོས་བདེ་འཇགས་སྲུང་སྐྱོང་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རིག་གནས་ཁེ་དབང་དང་མི་རིགས་ཀྱི་བརྩེ་སེམས་ལ་བརྩི་འཇོག མིའི་རིགས་ཀྱི་ཤེས་དཔལ་གྲུབ་འབྲས་ལ་སྲུང་སྐྱོང་བཅས་བྱེད་པའི་དྲང་བདེན་གྱི་བྱ་ཐབས་ཤིག་རེད། ད་ཐེངས་ཀྱི་མཉམ་ལས་ནི་ཀྲུང་ཨོ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་རྒྱལ་སྤྱིའི་སྤྱི་ཆིངས་ལག་ལེན་བསྟར་བ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད།

    ཨོ་སི་ཁྲུ་ལི་ཡ་ཕྱོགས་ནས་བརྗོད་དོན། རིག་དངོས་ཕྱིར་སློག་པ་ནི་དངོས་པོ་རྩིས་སྤྲད་པ་ཞིག་ཡིན་པ་མ་ཟད། རིག་གནས་ཤུལ་བཞག་ལ་བརྩི་འཇོག་དང་། འགན་འཁྲི་འཁུར་ཕོད་པ། རྒྱལ་སྤྱིའི་རོགས་ཟླའི་འབྲེལ་བ་བཅས་མཚོན་པ་དེ་བས་རེད། ད་ཐེངས་རྩིས་སྤྲད་པ་དེས་ཨོ་ཀྲུང་གི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་འགྲོ་བར་ཕན་པ་ཡོད་པ་དང་ཕྱོགས་གཉིས་པོས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁྱབ་ཁོངས་སུ་མུ་མཐུད་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་ཐུབ།

    ད་ཐེངས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ནས་རྩིས་སྤྲད་པའི་རིག་དངོས་2ནི་ཀྲུང་གོའི་སུང་རྒྱལ་རབས་བྱང་མའི་གོང་མའི་བང་སོའི་དྲག་དཔོན་ཡུང་ཡུས་ཀྱི་དབུ་བརྙན་དང་ཡུང་ཁྲང་བང་སོའི་ཞི་དཔོན་གྱི་དབུ་བརྙན་ཡིན་པ་རེད། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་མཛེས་རྩལ་ཁང་གིས་དེ་གོང་ཡོངས་བསྒྲགས་བྱས་པའི་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཟིན་ཐོར་གཞིགས་ན། རིག་དངོས་དེ་གཉིས་ཀྲུང་གོའི་ཧོ་ནན་ཞིང་ཆེན་ཁོངས་སུ་གཏོགས་པ་དང་རྒྱུ་ཆ་ནི་རྡོ་ཐལ་བྲག་རྡོ་ཡིན་པ་རེད། དྲག་དཔོན་དང་ཞི་དཔོན་གྱི་དབུ་བརྙན་གྱི་མཐོ་ཚད་ལ་ལི་སྨི་68དང་ལི་སྨི་70ཡོད་པ་དང་། ལྗིད་ཚད་ལ་སྤྱི་རྒྱ་132དང་223ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།