དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བཞི་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-06

     ཉེ་ཆར། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བཞི་པ་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིང་ཧུང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྒྱུ་རྩལ་མཁས་ཅན་མཉམ་དུ་འཛོམས་ནས་རིག་གནས་སྒྱུ་རྩལ་འབྲེལ་ཐག་ཏུ་བྱས་ཏེ་མཛའ་གྲོགས་མཉམ་གླེང་དང་སྤེལ་རེས་ལ་མཉམ་དུ་སྐུལ་འདེད་བཏང་བ་རེད།

    མཚན་མོ་དེར་ཅིང་ཧུང་གྲོང་ཁྱེར་མན་ཐིང་ཡུས་མེ་ཏོག་ལྡུམ་རའི་ཟློས་གར་ཁང་དུ་གླུ་ལེན་གར་འཁྲབ་ཀྱི་རྣམ་པས་ཁེངས་ཤིང་། “ཆུ་གཅིག་མཉམ་དུ་འཐུང་། ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་ཐོག རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་ཁྱད་ལྡན་ལེ་ཚན་རེས་མོས་འཁྲབ་སྟོན་བྱས་ནས་ལྟད་མོ་བ་ཚོར་སྣ་མང་རིག་གནས་མཉམ་འདྲེས་ཀྱི་སྒྱུ་རྩལ་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད། དགོང་ཚོགས་ཀྱི་མཇུག་ཏུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཁྲབ་སྟོན་པ་ཚོས་མཉམ་དུ་གླུ་གར《མཉམ་དུ་གཤོག་རྩལ་ངོམས》ཞེས་པ་འཁྲབ་སྟོན་བྱས་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་དྲུག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ཏེ་མདུན་སྐྱོད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་རེ་འདུན་མཚོན་པར་བྱས་ཡོད།

    སྐབས་འདིའི་སྒྱུ་རྩལ་དུས་ཆེན་རིང་། ད་དུང“གཙང་པོ་ཆེན་པོ་གཅིག”གི་ཤིས་ཧྲོང་པན་ནའི་རྒྱལ་སྤྱིའི་བརྙན་པར་འགྲེམས་སྟོན་དང་། “རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་དངོས་ཟོག་ཡག་པོའི་དགའ་ནེའུ་དུས་ཆེན”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གཙང་རྒྱུད་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང་རིག་གནས་ཡུལ་སྐོར་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།