དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་དང་པོ་ནས་དགུ་པའི་བར།

    ​ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་4.45ལས་ཞུགས་ཐུབ་པ།

    ​ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་སྤྱི་ཡོངས་ནས་ལས་ཞུགས་ཐུབ་ཚད་85.74%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-06

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ་རང་ལྗོངས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཟླ་9ཚེས་30ཉིན་བར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་4.45ལས་ཞུགས་ཐུབ་པ་དང་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་སྤྱི་ཡོངས་ནས་ལས་ཞུགས་ཐུབ་ཚད་85.74%ཟིན་ཏེ་ལྗོངས་ཡོངས་ཀྱི་ལས་ཞུགས་ཀྱི་དུས་བབ་སྤྱིར་ན་བརྟན་པོ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རང་ལྗོངས་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་པའི་རྨང་གཞིའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་ལག་བསྟར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》སོགས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་བཏང་ཡོད། དེ་དང་ཆབས་ཅིག ལས་གནས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ཤིང་། རིམ་རྩིས་བརྒྱབ་ན་ལས་བསྡུའི་འདུ་ཚོགས་ཐེངས་293གཉེར་ནས་ལས་གནས་ཁྲི་6.6འཚོལ་བསྡུ་བྱས་པ་དང་། ལས་གནས་དེ་དག་བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། གསར་དར་ཐོན་ལས་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། མ་མཐའི་འཚོ་བ་འགན་ལེན་གྱི་ཁྱིམ་ཚང་དང་། ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང་། དེ་བཞིན་དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མར་དམིཌ་ནས“1131”རོཌ་སྐྱོར་ལམ་སྲོལ(སྲིད་ཇུས་དྲིལ་བསྒྲགས་ངོ་སྤྲོད་ཐེངས་1དང་། ལས་རིགས་མཛུབ་ཁྲིད་ཐེངས་1 ལས་གནས་འོས་སྦྱོར་ཐེངས་3 གསོ་སྦྱོང་ངམ་ཡང་ན་ལྟ་སྦྱོང་གི་གོ་སྐབས་ཐེངས་1)དོན་འཁྱོལ་བྱས་ཏེ། ལས་ཞུགས་བྱེད་འདོད་ཀྱང་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།